ཞིན་ཧྭ་གསར་འགྱུར་ཁང་གིས་ཆོག་མཆན་ཐོབ་པ་ལྟར«སྲིད་གཞུང་བྱ་བའི་སྙན་ཞུ»སྤེལ་བ།

རིག་འཛིན་ཚེ་རིང་།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-03-16

ཞིན་ཧྭ་གསར་འགྱུར་ཁང་གིས་ཚེས་བཅོ་ལྔ་ཉིན་ཆོག་མཆན་ཐོབ་པ་ལྟར་ཙུང་ལི་ཝུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཕུལ་བའི«སྲིད་གཞུང་བྱ་བའི་སྙན་ཞུ»ཆ་ཚང་བཀོད།

ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་བརྡས་ཐག་བཅད་དེ་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་སྙན་ཞུ་ལ་ཆོག་མཆན་བཀོད།

སྙན་ཞུ་ཡོངས་ཁག་གསུམ་དུ་བགོས་ཡོད་དེ། དང་པོ། ཉིས་སྟོང་བཅུ་གཅིག་ལོའི་བྱ་བའི་སྤྱི་སྡོམ། གཉིས་པ། ཉིས་སྟོང་བཅུ་གཉིས་ལོའི་བྱ་བའི་སྤྱིའི་བཀོད་སྒྲིག གསུམ་པ། ཉིས་སྟོང་བཅུ་གཉིས་ལོའི་ལས་འགན་གཙོ་བོ་བཅས་ཡིན།

སྙན་ཞུའི་ནང་དུ་བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་བྱ་བར་ནན་ཏན་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་དགོས་པར་འབོད་སྐུལ་བཏང་ཡོད།

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་བ་མ་ཟད་ཁོ་ཚོའི་དྲི་བར་ལན་བཏབ།
  • ལེ་ཚན་རྗེས་མ།:མགོ་ལོག་ཁུལ«གླིང་གེ་སར་སྒྲུང»གི་དབྱངས་རྟའམ་རྡུང་ལེན་ཟབ་སྦྱོང་འཛིན་གྲྭ་གྲོལ་བ།
  • དོ་སྣང་ཆེ་བའི་རྩོམ།