ལྷ་ས་གྲོང་ཁྱེར་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས།

ཚེ་རིང་རྒྱ་མཚོས་བསྒྱུར།    བོད་ལྗོངས་གསར་འགྱུར་དྲ་བ།    2012-06-06

ལྷ་ས་གྲོང་ཁྱེར་གྱི་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས།
ཉེ་བའི་ལོ་འགའི་རིང་།  བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་དགུ་སྤྱད་དེ་ཡང་བསྐྱར་ལས་ཞུགས་བྱ་བའི་ཆུ་ཚད་མཐོར་འདེགས་བཏང་།  2012ལོའི་ལོ་འགོར་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས《2012ལོའི་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ནུས་རྩལ་གསོ་སྦྱོང་འཆར་འགོད》གཏན་འབེབས་བྱས་ཤིང་།  ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་བྱེད་པའི་བྱ་བར་འགྱུར་ལྡོག་གསར་བ་བྱུང་བར་སྐུལ་འདེད་བྱས།  ཤེས་གསལ་བྱུང་བ་ལྟར་ན།  2012ལོའི་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ནུས་རྩལ་གསོ་སྐྱོང་ལ་དུས་ཚིགས་བཞི་རུ་བཀར་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། འཆར་འགོད་ལྟར་གསོ་སྦྱོང་འཛིན་གྲྭ94དང་།  མི་ཐེངས་ཁྲི10500ལ་གསོ་སྦྱོང་བྱེད་རྒྱུ་རེད།  དེ་ལ་ཟ་མ་གཡོས་སྦྱོར་དང་།  འཕྲུལ་ཆས་ཞིག་གསོ།  རྩིས་འཁོར་ལག་ལེན།  མི་རིགས་ལག་ཤེས་བཟོ་ལས།  བཟོ་སྐྲུན།  འདེབས་འཛུགས་གསོ་སྤེལ་ལས་རིགས།  གནས་སྐོར།  མི་རིགས་གླུ་གར།  གྱོན་ཆས་བཟོ་བ་སོགས་ནང་དོན་སྣ་ཁ14འདུས།  །

  • ལེ་ཚན་སྔོན་མ།:ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་བདེ་འཇགས་ངང་སྐྱེལ་འདྲེན་ཉིན་1500བྱས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པའི་རྗེས་དྲན་བྱ་འགུལ་ཟི་ལིང་དུ་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།