གླུ་བ་པདྨ་བསམ་གྲུབ་ལ་མཆོག་ཏུ་གྱུར་བའི་བོད་གླུ་སྒྲིག་བཟོའི་བྱ་དགའ་ཐོབ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-03-13

གླུ་བ་པདྨ་བསམ་གྲུབ་ལ་མཆོག་ཏུ་གྱུར་བའི་བོད་གླུ་སྒྲིག་བཟོའི་བྱ་དགའ་ཐོབ།

སྐབས་གསུམ་པའི་མཆོག་ཏུ་གྱུར་བའི་གླུ་གཞས་བསྒྲགས་ཐོ་ཡི༢༠༡༡ལོའི་བྱ་དགའ་གནང་བའི་མཛད་སྒོའི་སྟེང་མཆོག་ཏུ་གྱུར་བའི་གླུ་གཞས་བཅུ་དང་།སྣ་གཅིག་བྱ་དགའ་ཁགམི་སྒེར་གྱི་བྱ་དགའ་ཐོབ་མཁན་བཅས་ཁྱབ་བསྒྲགས་བྱས་ནས་བྱ་དགའ་གནང་བ་རེད།དེའི་ཁྲོད་བོད་ཀྱི་གླུ་བ་གྲགས་ཅན་པདྨ་བསམ་གྲུབ་ལགས་ཀྱིས༢༠༡༡ལོར་འགྲེམ་སྤེལ་བྱས་པའི་ཆེད་སྒྲིག་བརྙན་འཁོར་ཐོག་མ་སྟེ་ཟླ་བ་གཡུ་མཚོ་ཞེས་པར་“མཆོག་ཏུ་གྱུར་བའི་བོད་གླུ་སྒྲིག་བཟོའི་བྱ་དགའ”ཐོབ་པ་རེད།གླུ་བ་པདྨ་བསམ་གྲུབ་ལགས་ཀྱི་ཟླ་བ་གཡུ་མཚོ་ཞེས་པའི་བརྙན་འཁོར་ལ་གྲུབ་འབྲས་ལེགས་པོ་ཐོབ་པས་ཁོང་ལ་གཞས་སྟེགས་ཀྱི་ཅང་ཤེས་ཞེས་པའི་མཚན་སྙན་གསོལ་ཡོད་ཅིང་། ཁོང་གི་ཐུན་མོང་མ་ཡིན་པའི་སྐད་ངག་དང་བརྙན་འཁོར་སྒྲིག་བཟོའི་ཆུ་ཚད་སོགས་ལ་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར།གླུ་བ་པདྨ་བསམ་གྲུབ་ལགས་ཀྱིས་འདི་ལྟ་བུའི་གྲུབ་འབྲས་བླངས་པ་ནི་ཁོང་གི་གླུ་གཞས་ལ་སྤྲོ་བའི་ཉན་མཁན་རྣམ་པར་རག་ལས་ཤིང་རྗེས་ཕྱོགས་མུ་མཐུད་དུ་བརྩོན་པ་བྱས་ནས་ཀུན་གྱི་སྙན་ལམ་དུ་སྔར་ལས་ལྷག་པའི་གླུ་གཞས་སྙན་པོ་འབུལ་ངེས་ཡིན་ཞེས་བརྗོད་བྱུང་།
  • ལེ་ཚན་སྔོན་མ།:བོད་རིགས་རྩོམ་པ་པོ་གསུམ་ལུའུ་ཞུན་རྩོམ་རིག་གླིང་རྩོམ་པ་པོའི་ཞིབ་གྲོས་འཛིན་གྲྭར་སློབ་སྦྱོང་བྱེད།
  • ལེ་ཚན་རྗེས་མ།:འཐུས་མི་དང་ཨུ་ཡོན་གྱིས་རྒྱལ་དོན་ལ་གྲོས་སྡུར་བྱས།
  • དོ་སྣང་ཆེ་བའི་རྩོམ།