བོད་རིགས་རྩོམ་པ་པོ་གསུམ་ལུའུ་ཞུན་རྩོམ་རིག་གླིང་རྩོམ་པ་པོའི་ཞིབ་གྲོས་འཛིན་གྲྭར་སློབ་སྦྱོང་བྱེད།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-03-13

བོད་རིགས་རྩོམ་པ་པོ་གསུམ་ལུའུ་ཞུན་རྩོམ་རིག་གླིང་རྩོམ་པ་པོའི་ཞིབ་གྲོས་འཛིན་གྲྭར་སློབ་སྦྱོང་བྱེད།
        ཉེ་ལམ། ལུའུ་ཞུན་རྩོམ་རིག་གླིང་གཞོན་དར་རྩོམ་པ་པོའི་མཐོ་རིམ་ཞིབ་གྲོས་འཛིན་གྲྭ་ཚོགས་འགོ་བརྩམས་ཤིང་།རྒྱལ་ཡོངས་ས་གནས་སོ་སོ་ནས་སླེབས་པའི་སློབ་མ་གསར་བ51ལྷག་ལ་དུས་ཡུན་ཟླ་བཞིའི་སློབ་སྦྱོང་གི་འཚོ་བ་རོལ་ཐུབ་པའི་གོ་སྐབས་བྱུང་།  ཀན་སུའུ་ཡི་ཡཱན་ཡེན་ཤིའུ་དང་། སི་ཁྲོན་གྱི་དགེ་ལེགས་འགྱུར་མེད།བོད་ལྗོངས་ཀྱི་རྡོ་རྗེ་སྒྲོལ་དཀར་བཅས་བོད་རིགས་རྩོམ་པ་པོ་གསུམ་ཐེངས་འདིའི་ལུའུ་ཞུན་རྩོམ་རིག་གླིང་གཞོན་དར་རྩོམ་པ་པོའི་མཐོ་རིམ་ཞིབ་གྲོས་འཛིན་གྲྭར་ཚུད་ཅིང་ཁོ་ཚོ་ནི་ཞིང་ཆེན(ལྗོངས)སོ་སོ་ནས་འདེམས་ཐོབ་བྱུང་བའི་རྩོམ་པ་པོ་གཅིག་པུ་རེད། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་འགོ་གཙོ་ཐེ་ཉིན་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཏང་རྩ་འཛུགས་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ་ལི་པིན་སོགས་འབྲེལ་ཡོད་འགོ་ཁྲིད་སོགས་ཐེངས་འདིའི་སློབ་འགོ་ཚུགས་པའི་མཛད་སྒོ་ལ་ཞུགས་ཤིང་།  ལུའུ་ཞུན་རྩོམ་རིག་གླིང་གི་འགོ་གཙོ་གཞོན་པ་པེ་མུའོ་ཡིས་མདོ་འཛིན་མཛད། ད་ལྟ་ཀན་སུའུ་མཉམ་འབྲེལ་སློབ་ཆེན་མི་ཆོས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་དང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་སློབ་ཚོགས་ཀྱི་ཚོགས་མི།  ཀྲུང་གོའི་དེང་རབས་རྩོམ་རིག་སློབ་ཚོགས་ཀྱི་ཚོགས་མི།  ཀན་སུའུ་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་འགན་འཛིན་པ་བཅས་ཡིན།  སྔར་ཏེ་ཨར་ཞེས་པའི་པུར་མིང་སྤྱད་དེ་སྙན་ངག་དང་ལྷུག་རྩོམ་སོགས་རྩོམ་རིག་བརྒྱ་ལྷག་སྤེལ་མྱོང་ཞིང་།  ཉེ་བའི་ལོ་འགའི་ནང་གཙོ་ཆེར་རྩོམ་རིག་དཔྱད་འཇོག་དང་སྒྲུང་རྩོམ་གསར་སྐྲུན་ལ་གཞོལ་བ་ཡིན་ཏེ། 《རྩོམ་རིག་འགྲན་གླེང》དང་། 《རྩོམ་རིག་རང་གླེང》།  《ལྷོ་ཕྱོགས་རྩོམ་རིག་གླེང་སྟེགས》། 《རྩོམ་རིག་སྒྱུ་རྩལ་གཞུང་ལུགས་དང་དཔྱད་གླེང》།  《དེང་རབས་རྩོམ་རིག་གླེང་སྟེགས》། 《གྲགས་རྩོམ་མྱོང་སྣང》སོགས་དུས་དེབ་སྟེང་དཔྱད་འཇོག་ཡིག་གྲངས་ཁྲི30ལྷག་སྤེལ་ཞིང་།  《ཀྲུང་གོའི་རྩོམ་པ་པོ》ཞེས་པ་དང་། 《ན་གཞོན་རྩོམ་རིག》། 《མི་རིགས་རྩོམ་རིག》།  《ལྕགས་རི་རིང་པོ》། 《རྨ་ཆུ》། 《བརྩམས་ཆོས》། 《ཧྲན་ཞིའི་རྩོམ་རིག》། 《མཁའ་འཕུར》སོགས་དུས་དེབ་སྟེང་སྒྲུང་འབྲིང་མང་པོ་སྤེལ་པ་དང་།   བརྩམས་ཆོས་དག《སྒྲུང་རྩོམ་འདེམས་བཀོད》སོགས་དུས་དེབ་སྟེང་ཐེངས་དུ་མར་བརྒྱུད་སྤེལ་བྱས་མྱོང་ཞིང་སྒྲུང་རྩོམ་བྱ་དགའ་ཡང་གང་མང་ཐོབ་མྱོང་།
          དགེ་ལེགས་འགྱུར་མེད་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་གི་བོད་རིགས་ཤིག་ཡིན་ཞིང་།  ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་།  སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན།  དེ་སྔོན་ཞིང་གྲོང་གི་དགེ་རྒན་དང་། སློབ་གསོའི་དོ་དམ།  ཁྱབ་སྒྲོག   ཡུལ་སྐོར།  རིག་གནས་སོགས་ཀྱི་བྱ་བ་གཉེར་མྱོང་།  2003ལོར་སྒྲུང་འབྲིང《དུས་ཚོད་བོར་བའི་རུ་སྡེ》ཞེས་པར་སྐབས་བཞི་བའི་སི་ཁྲོན་ཞིང་ཆེན་རྩོམ་རིག་བྱ་དགའ་ཐོབ་པ་དང་།  2009ལོར་འབོལ་རྩོམ་རིང་མོའི་གཅེས་བསྡུས《དག་ཞིང་གི་མེ་ཏོག་ལྡུམ་ར》ཞེས་པར་སྐབས་བཞི་བའི་སི་ཁྲོན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།  ཁོས་བརྩམས་སྒྲུང་གཅེས་བསྡུས《དུས་ཚོད་བོར་བའི་གྲོང་སྡེ》ཞེས་པ་དང་།   འབོལ་རྩོམ་རིང་མོའི་གཅེས་བསྡུས《དག་ཞིང་གི་མེ་ཏོག་ལྡུམ་ར》། ལྷུག་རྩོམ་གཅེས་བསྡུས《ཁམས་པའི་ཡོལ་རས་ཕྱེ་པ》བཅས་པར་བསྐྲུན་བྱས་ཡོད་པ་རེད།
          རྡོ་རྗེ་སྒྲོལ་དཀར་ནི་བོད་རིགས་བུད་མེད་ཅིག་ཡིན་ཞིང་།  པུར་མིང་ལ་ཡུའུ་ཆེན་དང་དྲ་མིང་ལ་ཧྲ་ཚོའོ་ཟེར།  སྒྲུང་རྩོམ་རིང་མོ《མ་ཎི་རྡོ་འབུམ་སྟེང》ཞེས་པ་དང་། 《གྱིམ་ཤང་ཀོང་ཇོ》། 《བྱང་ཐང་ཆེན་པོ》། 《བོད་ཀྱི་གཉེན་སྲོལ》སོགས་ཡོད།
  • ལེ་ཚན་སྔོན་མ།:ཀྲིག་ཡུང་ཁང་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
  • ལེ་ཚན་རྗེས་མ།:གླུ་བ་པདྨ་བསམ་གྲུབ་ལ་མཆོག་ཏུ་གྱུར་བའི་བོད་གླུ་སྒྲིག་བཟོའི་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།