མཚོ་མོ་སྐྱིད། རྡོ་ཐར། ཀྲུང་དབྱང་བརྙན་འཕྲིན་དྲ་བ། 2012-03-13
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོ་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས། ཀྲིག་ཡུང་ཁང་གིས་གསུངས་རྒྱུར། ང་རང་ཨུ་ཡོན་ཀྲང་ཝུའུ་པང་གོ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཡོངས་སུ་འཐད་པ་ཡིན། ལོ་གཅིག་གི་རིང་། རིམ་པ་སོ་སོའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་བརྗོད་གཞི་དང་འབྲེལ་ཏེ། བློ་སེམས་རྩེ་གཅིག་གིས་དམངས་བསམ་པ་དང་། ཁྲིམས་འཛིན་དྲང་གཞག་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་ཉེས་དོན་ནག་ཉེས་བྱ་འགུལ་སྣ་ཚོགས་ལ་རྡུང་རྡེག་བཏང་བ་དང་། ལས་འགན་ནག་ཉེས་བྱ་བར་བརྩད་ཞིབ་དང་སྔོན་འགོག་གང་ལེགས་བྱས་ནས་དཔུང་སྡེའི་སྤུས་ཚད་དང་གྱོད་དོན་སྒྲུབ་ཚད། ཁྲིམས་འཛིན་སྤྱི་བའི་ཡིད་ཆེས་མཐོར་འདེགས་སུ་བཏང་སྟེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ཀྱི་མགོ་ལེགས་པོ་ཞིག་བརྩམས་པར་ནུས་ལྡན་གྱི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱས་ཟེར། ཀྲིག་ཡུང་ཁང་གིས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཡུན་རིང་བོར་ཁྲིམས་འཛིན་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རིམ་པ་སོ་སོའི་དམངས་ཆེན་དང་མི་དམངས་འཐུས་མི་དག་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཆེ་ཞུས།
ཁོང་གིས་རིམ་པ་སོ་སོའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ནན་ཏན་སྒོས་བློ་དཀར་བ་དང་དམངས་ལ་ཕན་པ། དྲང་བདེན་དང་སྲིད་གཙང་གི་སྲིད་ཁྲིམས་ཉེན་རྟོག་པའི་རྩ་བའི་རིན་ཐང་གི་ལྟ་བ་སློབ་གསོ་ལག་ལེན་བྱེད་པའི་བྱ་འགུལ་སྤེལ་ཏེ། ཏང་གི་མགོ་ཁྲིད་ཏང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་གཏན་འཇགས་ཁྲོད་གོང་འཕེལ་འགྲོ་བའི་བྱ་བའི་སྤྱིའི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས་པ་མ་ཟད། རང་འགུལ་གྱི་ཁྲིམས་འཛིན་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱི་ལྟ་རྟོག་དང་ལེན་བྱེད་དགོས། དེ་ལས་གཞན་ཁྲིམས་ལྟར་འགལ་བ་ཐག་གཅོད་བྱས་ཏེ་ཚན་རིག་ལྟར་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་དང་བདེ་འཇགས་ཡོང་བར་ཡར་སྐུལ་བྱས་ཏེ། སྒྲུབ་པའི་གྱོད་དོན་རེ་རེ་ལ་ཁྲིམས་ལུགས་དང་སྤྱི་ཚོགས་ཐད་ཀྱི་གྲུབ་འབྲས་བླངས་ནས་མི་དམངས་ཀྱི་ཁྲིམས་འཛིན་ཐད་ཀྱི་ལྟ་སྟངས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་ཞེས་གསུངས། ཀྲིག་ཡུང་ཁང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱིས་ན་ནིང་ལོར་བླངས་པའི་གྲུབ་འབྲས་ལ་ཁང་ལེན་གང་ལེགས་མཛད་པ་དང་། ཉིན་ཞ་ཡིས་རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་དང་སྐོར་ཐེངས་གསར་བའི་དབུལ་སྐྱོར་གསར་སྤེལ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། རྨ་ཆུའི་བཞུར་རྒྱུན་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་དང་སྐྱེ་ཁམས་གནས་སྤོར་ལས་གཞི་གཉིས་འབུར་ཐོན་དུ་བཟུང་ནས་ལེགས་པར་སྒྲུབ་པ་དང་། མུ་མཐུད་དུ་རྡོ་སོལ་དང་ཆུའི་ཐོན་ཁུངས་སྔོག་འདོན་དང་བཀོལ་སྤྱོད་ལེགས་པོ་བྱེད་པ་ལས་གཞན། ས་ཁུལ་གྱི་འཕེལ་རྒྱས་ལ་གཅིག་གྱུར་སྒོས་བཀོད་སྒྲིག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གཙིགས་སུ་འཛིན་དགོས་པ་མ་ཟད།དཔལ་འབྱོར་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་འབད་པ་བྱེད་དགོས་པ་དང་། འཆམ་མཐུན་དང་འབྱོར་ཕྱུག་གི་ཉིན་ཞ་གསར་བ་ཞིག་འཛུགས་སྐྲུན་བྱེད་པའི་ཐད་ལ་གོང་འཕེལ་གསར་བ་ལེན་དགོས་ཞེས་གསུངས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10