ནུབ་བྱང་མི་རིགས་སློབ་ཆེན་དུ་གྲངས་ཉུང་མི་རིགས་རྩོམ་རིག་སློབ་རམས་པའི་སློབ་གནས་གཉིས་པའི་ཆེད་ལས་བཙུགས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-03-13

ཉེ་ལམ།  སློབ་གསོ་པུས2012ལོའི་མཐོ་རིམ་སློབ་གྲྭར་སློབ་རམས་པའི་སློབ་གནས་གཉིས་པ་འཛུགས་པར་ཆོག་མཆན་གནང་བ་ཁྱབ་བསྒྲགས་བྱས་ཤིང་།  ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཡར་ཞུ་བྱས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་སློབ་རམས་པའི་སློབ་གནས་གཉིས་པའི་ཆེད་ལས་འཛུགས་པར་ཆོག་མཆན་ཐོབ་པ་དང་།2012ལོ་ནས་བཟུང་སློབ་མ་བསྡུ་བའི་འགོ་རྩོམ་རྒྱུ་ཡིན་ཏེ།  ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་ཆེད་ལས་སློབ་སྦྱོང་གི་དུས་ཡུན་ལོ་གཉིས་དང་།  རྩོམ་རིག་སློབ་རམས་པའི་སློབ་གནས་སྤྲོད་ངེས་ལ།  བསྡོམས་པས་སློབ་མ60བསྡུ་རྒྱུ་ཡིན་པ་རེད།《མཐོ་རིམ་སློབ་གྲྭས་སློབ་རམས་པའི་སློབ་གནས་གཉིས་པའི་སློབ་མ་གསོ་སྐྱོང་གི་ལག་ལེན་ཐབས་ཇུས》ལྟར།སློབ་རམས་པའི་སློབ་གནས་གཉིས་པ་ནི་དངོས་གཞིའི་སློབ་གསོ་དང་མི་མཐུན་པ་མ་ཟད་སློབ་གནས་ཟུང་དང་ཡང་མི་མཐུན་པར་སློབ་ཆེན་པའི་དངོས་གཞི་རྗེས་ཀྱི་སློབ་གསོའི་རྣམ་པ་ཞིག་ཡིན་ལ།  དེ་ནི་རབ་འབྱམས་པའི་སློབ་མ་གསོ་སྐྱོང་བྱེད་པ་དང་མཐུན་ཏེ་རང་རྒྱལ་རིམ་གྲས་མཐོ་བའི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ཇུས་ཤིག་རེད། སྤྱིར་བཏང་དུ་རིག་ཚན་ག་གེ་མོའི་ཁྲོད་ཀྱི་དངོས་གཞིའི་ཆེད་ལས་བསླབ་གཞི་ཞིག་བསླབས་ཟིན་པ་ཡིན་ན་སློབ་མཐར་ཕྱིན་ཆོག་པ་མ་ཟད་སློབ་རམས་པའི་སློབ་གནས་སྤྲོད་པ་དང་།  དེ་ནས་རིག་ཚན་གཞན་ཞིག་ལས་དངོས་གཞིའི་ཆེད་ལས་བསླབས་པ་དང་སློབ་ཁྲིད་ཀྱི་འཆར་བཀོད་གཏན་འཁེལ་བྱས་པའི་དགོངས་ཚུལ་ལྟར་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་སློབ་འབྲས་ཀྱི་ཚད་ལོངས་བ་ཡིན་ན་སློབ་མཐར་ཕྱིན་ཆོག་པ་མ་ཟད་སློབ་རམས་པའི་སློབ་གནས་གཉིས་པ་སྤྲོད་ངེས་རེད།སློབ་རམས་པའི་སློབ་གནས་གཉིས་པའི་ཆེད་ལས་སློབ་མ་བསྡུ་བའི་ཁ་གཏད་ཕྱོགས་ནི་གཙོ་ཆེར་སློབ་ཆེན་མཐར་ཕྱིན་ཞིང་སློབ་རམས་པའི་སློབ་གནས་ལོན་པའི་ལས་གནས་མི་སྣ(སློབ་གནས་ལམ་ལུགས་ལག་བསྟར་སྔོན་གྱི་དངོས་གཞིའི་མཐར་ཕྱིན་མ་འདུས།ཞོལ་དུ་ལས་གནས་མི་སྣ་ཞེས་བསྡུས་ཡོད)དང་།རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོ་ལྟར་སློབ་ཆེན་མཐར་ཕྱིན་པ་དང་སློབ་རམས་པའི་སློབ་གནས་ལོན་ཡོད་པའི་སྔར་ལོའི་དངོས་གཞི་མཐར་ཕྱིན་སློབ་མ་ཉུང་ཙམ་བསྡུ་བ(སློབ་སྐར་ལམ་ལུགས་དུས་སྔོན་ནང་ལེགས་འགྲུབ་བྱུང་ཞིང་སློབ་རམས་པའི་སློབ་གནས་ལོན་ཡོད་པའི་སློབ་མ་འདུས། ཞོལ་དུ་གྲྭ་སྡོད་སློབ་མ་ཞེས་བསྡུས་ཡོད)།  སློབ་རམས་པའི་སློབ་གནས་གཉིས་པའི་སློབ་གསོ་མྱོང་བར་རང་ཉིད་ཀྱི་འདོད་བློ(ལས་གནས་མི་སྣ་ཐོ་འགོད་བྱེད་ན་ངེས་པར་དུ་ལས་ཁུངས་ཀྱི་ཆོག་མཆན་དགོས་པ)ལ་བསྟུན་དགོས་པ་མ་ཟད་དགོས་ངེས་ཀྱི་ཐོབ་ཐང་ཞིབ་བཤེར་དང་།  སློབ་རྒྱུགས།  དངོས་བཤེར།  ཕུལ་བྱུང་ལེགས་འདེམས་བཅས་ཀྱི་བྱ་རིམ་བརྒྱུད་དགོས་ཤིང་།  སློབ་རྒྱུགས་དང་དངོས་བཤེར་གྱི་ནང་དོན་ནི་སློབ་རམས་པའི་སློབ་གནས་གཉིས་པའི་ཆེད་ལས་ཀྱི་རྨང་གཞིའི་བསླབ་གཞི་གཙོ་ཤོས་དག་ཡིན།  ནུབ་བྱང་མི་རིགས་སློབ་གྲྭས་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་སློབ་རམས་པའི་སློབ་གནས་གཉིས་པའི་ཆེད་ལས་སློབ་མ་བསྡུ་བར་རང་འགུལ་རྩ་འཛུགས་བྱེད་པ་རེད།སློབ་རམས་པའི་སློབ་གནས་གཉིས་པའི་སློབ་མ་གསོ་སྐྱོང་བྱེད་པའི་གོ་རིམ་ཁྲོད།  གྲྭ་སྡོད་སློབ་མ་དང་ལས་གནས་མི་སྣ་གང་རུང་ལ་སློབ་གསོའི་སྟེང་ངེས་པར་དུ་སློབ་གྲྭའི་དགོངས་དོན་ལྟར་སློབ་ཁྲིད་ཀྱི་སྤུས་ཚད་འགན་སྲུང་བྱེད་ཅིང་།  སློབ་ཁྲིད་ཀྱི་འཆར་འགོད་དུས་ལྟར་ལེགས་འགྲུབ་བྱེད་པ་དང་རང་དགར་དུ་ཚད་གཞི་ཇེ་ཞན་དུ་གཏོང་མི་ཆོག་པ།སློབ་གྲྭར་འདུག་པའི་དུས་སྐབས་ནང་སློབ་མའི་འཚོ་བའི་རོགས་དངུལ་ཚད་གཞི་དང་ཁ་གསབ་གཞན་དག་ཚང་མ་ཞིབ་འཇུག་སློབ་མའི་ཁ་གསབ་བྱེད་ཚད་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ལག་བསྟར་བྱེད་པ།སློབ་རམས་པའི་སློབ་གནས་གཉིས་པའི་སློབ་མས་སློབ་ལོའི་ནང་བསླབ་གཞི་སྦྱངས་ཚར་ཏེ་རྒྱུགས་འཕྲོད་པ་དང་།  མཐར་ཕྱིན་ཡིག་བྱང་དང་སློབ་རམས་པའི་སློབ་གནས་ལོན་པ་ཡིན་ན།དེ་མུར་སློབ་རམས་པའི་སློབ་གནས་གཉིས་པ་སྤྲོད་ཅིང་།  གལ་སྲིད་འབྲེལ་ཡོད་གཏན་འཁེལ་གྱི་དགོངས་ཚུལ་དང་མ་མཐུན་པ་བྱུང་ཚེ་སློབ་སྦྱོང་གི་དུས་ཡུན་བསྲིང་མི་ངེས་པ་མ་ཟད་སློབ་རིམ་ཞོལ་མ་ནས་སྦྱོང་བའི་གོ་སྐབས་ཀྱང་མེད་པར་སློབ་གྲྭའི་སློབ་སྦྱོང་གི་དཔང་ཡིག་དང་སློབ་མཇུག་སྒྲིལ་པའི་དབང་ཡིག་གཉིས་ལས་སྤྲོད་རྒྱུ་མེད་པ།  གལ་སྲིད་སློབ་སྦྱོང་ལེགས་པོ་མི་བྱེད་པ་དང་སློབ་སྦྱོང་ཡག་པོ་བྱེད་མི་ནུས་པའི་སློབ་མར་སློབ་རམས་པའི་སློབ་གནས་གཉིས་པའི་ཐོབ་ཐང་མེད་པར་བཟོ་བ་དང་།  ཡང་སློབ་སྦྱོང་གི་དུས་ཡུན་ལོངས་ཤིང་སློབ་རམས་པའི་སློབ་གནས་ལོན་པའི་སློབ་མ་རྣམས་མཐར་ཕྱིན་ཏེ་ལས་གནས་སུ་ཞུགས་རྗེས་ཐོག་མའི་ཟླ་ཕོགས་དེ་ཞིབ་འཇུག་མཐར་ཕྱིན་སློབ་མའི་ཟླ་ཕོགས་རེག་ཚད་དང་གཅིག་མཐུན་ཡིན་ཞིང་།སློབ་རམས་པའི་སློབ་གནས་གཉིས་པའི་ཐོབ་ཐང་ལོན་མེད་པའི་སློབ་མ་ལས་གནས་སུ་ཞུགས་རྗེས་དངོས་གཞི་མཐར་ཕྱིན་སློབ་མའི་ཚད་གཞི་ལྟར་ཟླ་ཕོགས་སོགས་སྤྲོད་དགོས།
  • ལེ་ཚན་སྔོན་མ།:ལྷ་ས་རུ“བོད་ལྗོངས་པར་སྐྲུན་རིག་གནས་ཐོན་ལས་གླིང”བསྐྲུན་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཀྲིག་ཡུང་ཁང་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
  • དོ་སྣང་ཆེ་བའི་རྩོམ།