འཐུས་མི་དང་ཨུ་ཡོན་གྱིས་རྒྱལ་དོན་ལ་གྲོས་སྡུར་བྱས།

མཚོ་མོ་སྐྱིད།    ཀྲུང་དབྱང་བརྙན་འཕྲིན་དྲ་བ།    2012-03-14

སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ་ནི་འཐུས་མི་དང་ཨུ་ཡོན་རྣམས་ཀྱི་གླེང་བྱ་གཙོ་བོར་གྱུར་ཡོད། འཐུས་མི་རྣམས་ཀྱིས་སྤྱི་ཚོགས་དོ་དམ་གསར་སྐྲུན་ལེགས་པོར་སྤེལ་ན། སྲིད་གཞུང་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བ་དང་། སྤྱི་ཚོགས་ཀྱི་འགལ་བ་ཇེ་ཆུང་དུ་འགྲོ་བས། ངེས་པར་དུ་སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲུའུ་ཝེ་ཧྥང་གིས་སྲོལ་རྒྱུན་གྱི་དོ་དམ་རྣམ་པ་སྔར་མེད་ཀྱི་འགྲན་རྩོད་ལ་འཕྲད་ཡོད་པས། སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་པ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་ཡོན་ཀྲུའུ་ཡིས་མང་ཚོགས་སྤྱི་ཚོགས་དོ་དམ་གསར་སྐྲུན་ཁྲོད་ཞུགས་སུ་བཅུག་སྟེ། མང་ཚོགས་ལ་གཞི་རིམ་གྱི་དོ་དམ་ཁྲོད་ཞུགས་པའི་ནུས་པ་ཡོད་དུ་འཇུག་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ཁྲིན་གྱིས་སྲིད་དོན་ཡིད་རྟོན་ནི་སྤྱི་ཚོགས་ཧྲིལ་བོའི་ཡིད་རྟོན་མ་ལག་གི་རྨང་གཞི་ཡིན་པས། སྲིད་གཞུང་གིས་བྱ་བ་སྒྲུབ་སྐབས་ངེས་པར་དུ་ཞིབ་ཆ་ལྡན་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲང་སུའུ་རོང་གིས་སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་ན་གཙོ་བོ་འཕེལ་རྒྱས་དང་བརྟན་འཇགས། རྡུང་རྡེག་དང་འགོག་བཅོས། དོ་དམ་དང་ཞབས་ཞུ་བཅས་ཐད་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱ་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཡཱང་མེ་ཞི་ཡིས་སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་པའི་གནད་འགག་ནི་མང་ཚོགས་ཀྱིས་རྒྱུན་དུ་དོ་ཁུར་བྱེད་པའི་སློབ་གསོ་དང་ལས་ཞུགས། སྨན་བཅོས། སྡོད་ཁང་བཅས་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པ་དེ་ཡིན་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲིག་ཧི་ཅན་གྱིས་བཅའ་ཁྲིམས་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་ལུགས་བསྒྱུར་ནས་སྤྱི་ཚོགས་ཧྲིལ་བོ་བྱ་བ་འདིར་ཟབ་ཞུགས་བྱེད་དུ་འཇུག་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁྲ་ཀྲུང་ཝང་གིས་སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་པ་དེ་མང་ཚོགས་ཀྱི་རེ་བ་བསྐོང་བ་དང་མང་ཚོགས་ཀྱི་རེ་བ་བསྐོང་ཅི་ཐུབ་བྱེད་པར་ཟུང་འབྲེལ་བྱེད་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁྲའོ་ཁི་ཡིས་མཐར་ཐུག་ན་མི་ཡི་དོ་དམ་དང་ཞབས་ཞུ་ཡིན་པ་དང་། ཞབས་ཞུའི་ལྟ་བ་ཤིན་ཏུ་གལ་ཆེ་ལ། མི་དམངས་མང་ཚོགས་ཀྱི་རེ་བ་བསྐོང་ཚད་ཇེ་མཐོར་གཏོང་རྒྱུ་ནི་གནད་འགག་ཡིན་ཟེར།འཐུས་མི་རྣམས་ཀྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པར་མང་ཚོགས་ཀྱི་ཁྲིམས་མཐུན་ལུགས་མཐུན་གྱི་རེ་བ་འོས་འཚམ་གྱིས་ཐག་གཅོད་དགོས་པ་དང་། ངེས་པར་དུ་རྩ་བ་ནས་འགལ་བ་སྔོན་འགོག་དང་ཇེ་ཉུང་དུ་བཏང་སྟེ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལེའོ་ལིས་ཕེན་གྱིས་མང་ཚོགས་ཀྱི་ཁེ་ཕན་རེ་བ་དང་འབྲེལ་བའི་འགལ་བ་དང་རྩོད་གཞིའི་ཐག་གཅོད་ལམ་ལུགས་དང་དོ་དམ་བྱེད་ཐབས། རྣམ་པ་བཅས་ཀྱི་ཐད་ནས་གསར་སྐྲུན་བྱེད་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལིས་ཁྲང་ཅེ་ཡིས་ཞིང་བ་ཞོར་ལས་པའི་དོ་དམ་དང་ཞབས་ཞུ་མུ་མཐུད་དུ་ཇེ་བཟང་དུ་གཏོང་དགོས་པ་དང་། ཁོ་ཚོ་གྲོང་ཁྱེར་དུ་རྐང་ཚུགས་སུ་འཇུག་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཚའེ་ཏུང་ཁྲིན་གྱིས་བདེ་འཇགས་ཐོན་སྐྱེད་བྱེད་པ་མང་ཚོགས་ཀྱི་ཁེ་ཕན་དང་སྤྱི་ཚོགས་བརྟན་འཇགས་ཡོང་བར་འབྲེལ་བ་ཡོད་པས། ཡུན་ཕན་ལམ་ལུགས་བཙུགས་ཏེ་དོན་རྐྱེན་ཚབས་ཆེན་འབྱུང་བར་བརྟན་འགོག་བྱེད་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཏོན་ཡུས་ཞན་གྱིས་ན་གཞོན་ལ་ཁྲིམས་སྐྱོང་འདུ་ཤེས་ཆགས་སུ་བཅུག་ནས། སྤྱི་ཚོགས་ལས་རིགས་ཁག་བར་གཅིག་བསྡུས་ཀྱི་སྟོབས་ཤུགས་ཆགས་པར་བྱས་ཏེ། སློབ་མའི་འཚར་ལོངས་ཁོར་ཡུག་གཙང་མར་བསྒྱུར་དགོས་པའི་གྲོས་གཞི་བཏོན།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁྲིན་ཧུང་ཧུང་གིས་སྲིད་གཞུང་གིས་དྲ་བ་བེད་སྤྱོད་གང་ལེགས་བྱས་ཏེ། དྲ་བ་ནི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་པ་དང་། དམངས་ལ་བློ་འདྲི་བ། དམངས་ཀྱི་དགོས་མཁོ་འདྲི་བ། དམངས་ཀྱི་བསམ་ཚུལ་འདྲི་བ་བཅས་ཀྱི་གར་སྟེགས་ཤིག་ཏུ་བསྒྱུར་དགོས་ཟེར།རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཀྲུའུ་ལིས་ཕེན་གྱིས་དམངས་འཚོར་གཞིགས་ཏེ་མི་གཙོ་བོར་བཟུང་སྟེ་སྤྱི་ཚོགས་ཀྱི་དོ་དམ་གསར་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ཟེར།

  • ལེ་ཚན་སྔོན་མ།:གླུ་བ་པདྨ་བསམ་གྲུབ་ལ་མཆོག་ཏུ་གྱུར་བའི་བོད་གླུ་སྒྲིག་བཟོའི་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:འཕྲིན་ལས་རྒྱ་མཚོའི་ཕ་སྐད་ཆེད་བསྒྲིགས་ཐོག་མ《ཡར་ཡར་འགྲོ》ཞེས་པ་འགྲེམ་སྤེལ་བྱེད་ལ་ཉེ་བ།
  • དོ་སྣང་ཆེ་བའི་རྩོམ།