མཚོ་སྔོན་ཞིང་ཆེན་ཧྭ་ལུང་རྫོང་གིས་ཡིག་ཆ་དང་པོ་དྲིལ་སྒྲོག་བྱེད་པ་དང་བསྟུན་ནས་ཧུར་ཐག་སྒོས་མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབས་པ།

ཞའོ་ཡན །        2012-03-12

མཚོ་སྔོན་ཞིང་ཆེན་ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་བསྟུན་ནས་ཧུར་ཐག་སྒོས་མང་ཚོགས་ལ་དོན་དངོས་དང་དོན་བཟང་བསྒྲུབས།ཉེ་ལམ། ཧྭ་ལུང་རྫོང་རྩ་བ་གྲོང་བརྡལ་ནས་ཡིག་ཆ་དང་པོ་དྲིལ་སྒྲོག་བྱེད་པར་སོང་བའི་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་ལས་བྱེད་པ་ཉེར་ལྔས་སྡེ་བ་དེའི་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཉི་ཤུར་ཕྱེ་དང་ཉལ་ཐུལ་སོགས་འཚམས་འདྲིའི་དངོས་བོ་བྱིན་པར་མ་ཟད། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཧྲང་ནོ་དང་ལོ་ཧུའུ་ཙང་སྡེ་བ་གཉིས་ཀྱི་ཞིང་བ་ཁྱིམ་ཚང་བརྒྱ་དང་བཅོ་ལྔའི་གནས་སྤོར་ལས་གཞི་ཐག་བཅད། རྫོང་ཞིང་ལས་སྡེ་ཁག་གིས་ཞིང་ལས་འཕྲུལ་ཆས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཞེ་བརྒྱད་སྡེ་བ་དང་ཁྱིམ་ཚང་དུ་མངགས་ནས། ཞིང་ལས་འཕྲུལ་ཆས་དགུ་བརྒྱ་དང་བརྒྱད་ཅུ་ལྷག་ལ་ཞིབ་བཤེར་བྱས་པ་དང་། གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས་སོ་ལྔ་བསྒྲུབས་ཏེ་ཞིང་བ་ལག་རྩལ་པ་ཁྲི་གཉིས་དང་སྟོང་ལྔ་ལྷག་ལ་གསོ་སྦྱོང་བྱས་པ་དང་། ལག་རྩལ་གྱི་དཔྱད་གཞིའི་ཡིག་རིགས་ཁྲི་གཅིག་དང་སྟོང་གཉིས་ལྷག་བཀྲམས།

  • ལེ་ཚན་སྔོན་མ།:ཀྲི་ལིའི་ལྷོ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར་བ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་དགེ་རྒན་ཟབ་སྦྱོང་མཇུག་རྫོགས།
  • དོ་སྣང་ཆེ་བའི་རྩོམ།