ཀྲི་ལིའི་ལྷོ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར་བ།

བསོད་ནམས་ཚེ་རིང་།        2012-03-12

ཀྲི་ལིའི་ལྷོ་ཕྱོགས་ཀྱི་གཞུང་ལམ་ལྔ་བའི་ལོ་སི་ཨན་ཧི་ལེ་སི་གྲོང་ཁྱེར་བརྒྱུད་སའི་ལམ་བར་ནས་ཚེས་བཅུ་ཉིན་གྱི་ཞོགས་པར་འགྲུལ་སྐྱེལ་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ང་གཅིག་ལ་རྨས་ཕོགས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དངོས་སྐྱེལ་རླངས་འཁོར་ཞིག་ལམ་དུ་བགྲོད་སྐབས་གློ་བུར་དུ་མྱུར་བགྲོད་གཞུང་ལམ་གྱི་བར་བཅད་བརྒལ་ནས་ཁ་གཏད་ཀྱི་རྒྱུ་ལམ་དུ་ཡོང་བའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་པ་དང་། འགྲུལ་སྐྱེལ་རླངས་འཁོར་དེ་ལམ་འགྲམ་གྱི་གྲོག་རོང་དུ་ལྷུང་བ་རེད་ཟེར།ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་རྗེས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ནི་ཁ་ལོ་བ་གཉིད་དུ་ཡུར་བ་ལས་བྱུང་བར་ཐག་གཅོད་བྱས་ཡོད་ལ། མིག་སྔར་རྨས་མ་ཚང་མ་ཉེ་འདབས་ཀྱི་ལོ་སི་ཨན་ཧི་ལེ་སི་གྲོང་ཁྱེར་གྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།
 
  • ལེ་ཚན་སྔོན་མ།:《ཧི་མ་ལ་ཡའི་ལུང་ཤུར་ལྔ》ཞེས་པའི་དཔེ་དེབ་པར་སྐྲུན་བྱས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་ཧྭ་ལུང་རྫོང་གིས་ཡིག་ཆ་དང་པོ་དྲིལ་སྒྲོག་བྱེད་པ་དང་བསྟུན་ནས་ཧུར་ཐག་སྒོས་མང་ཚོགས་ལ་དོན
  • དོ་སྣང་ཆེ་བའི་རྩོམ།