ཚེ་རིང་སྒྲོལ་མ། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-05-30
གསར་འགོད་པས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། 2006ལོ་ནས་བཟུང་། ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་ཁྲོད། མཚོན་ཆས་རི་དྭགས་རྔོན་པའི་བྱ་བ་གཅིག་ཀྱང་བྱུང་མ་མྱོང་ལ། མིག་སྔར། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་བྱ་བ་ཡོད་ཚད་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕྱོགས་སུ་བསྒྱུར་བཞིན་ཡོད་ཟེར།
ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་སྲུང་སྐྱོབ་ས་ཚིགས་རྒྱས་བཟང་བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་བུན་ཀིག་ཡིས་བཤད་རྒྱུར། རི་དྭགས་ལྐོག་རྔོན་མཁན་ཇེ་ཉུང་དུ་སོང་བ་དང་བསྟུན་ནས། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་བྱ་བ་གཙོ་བོའང་སྔར་གྱི་རི་དྭགས་ལྐོག་རྔོན་མཁན་ལ་རྡུང་རྡེག་གཏོང་བ་ནས་ཁོར་ཡུག་སྲུང་སྐྱོབ་དང་། སྐྱེ་དངོས་དང་རི་དྭགས་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་བསྒྱུར་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10