རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-05-28
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་སྲིད་གཞུང་གིས་བཏོན་པའི་དངུལ་གཏོང་དང་ཆུ་བེད་ལ་ཤུགས་བསྣན་ཏེ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཐབས་ལམ་ལ་གཞིགས་ཏེ། ཞིང་ཆེན་ཆུ་བེད་ཐིན་གྱིས་དུས་ལྟར་བསམ་བློ་བཅོས་བསྒྱུར་དང་ཧུར་བརྩོན་གྱིས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས། ཆུ་བེད་པུའུ་བཅས་ཀྱི་རོགས་སྐྱོར་བརྩོན་ལེན་བྱས་ཤིང་། དུས་མཚུངས་སུ་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་ཞིང་ཆེན་རིམ་པའི་ཆུ་བེད་དངུལ་གཏོང་ལ་ཤུགས་བསྣན་ལ། ཟླ5བའི་ཟླ་དཀྱིལ་བར་དུ་བསྡོམས་པས་རིགས་སོ་སོའི་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར16.47དངོས་འབེབས་བྱས་ཤིང་། དེའི་ནང་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར7.86དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར8.03། ས་གནས་ཀྱིས་མ་དངུལ་སྒོར་དུང་ཕྱུར0.58བཅས་བཏང་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10