རང་རྒྱལ་དུ་ད་ལོའི་ལོ་མཇུག་ལ་མྱུར་བགྲོད་ལྕགས་ལམ9ཤར་གཏོང་ཐུབ་རྒྱུ་ཡིན་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2012-03-09

 གཅིག་བྱས་ན་སང་ལོའི་དཔྱིད་གསར་དུས་ཆེན་སྐབས་སྐུ་ཉིད་སླར་ཡང་ཁྱིམ་དུ་ལོག་དུས་སྤ་སེ་ཉོ་དཀའ་བའི་གནད་དོན་ཞི་ལྷོད་དུ་འགྲོ་སྲིད། ཚེས6ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ལྕགས་ལམ་ཚན་རིག་ཞིབ་འཇུག་ཁང་གི་དབུ་བཞུགས་ཞིབ་འཇུག་པ་ཧོང་ཆང་གིས་པེ་ཅིན་དུ་ད་ལོའི་ལོ་མཇུག་ཏུ་རང་རྒྱལ་གྱིས་ཧར་པིང་ནས་ཏ་ལེན་བར་དང་། པེ་ཅིན་ནས་ཧྲི་ཅ་ཀྲོང་བར། ཧྲེ་ཅ་ཀྲོང་ནས་ཝུའུ་ཧན་བར་སོགས་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག9ཤར་གཏོང་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད། ཧོང་ཆང་གིས་རང་རྒྱལ་དུ་མྱུར་བགྲོད་ལྕགས་ལམ་བསྐྲུན་རྒྱུ་ནི་ཉེ་བའི་ལོ་འགའི་བྱ་བ་ཞིག་ཡིན་མོད། འོན་ཀྱང་འཕེལ་རྒྱས་མགྱོགས་པོ་སོང་ཡོད་པ་རེད། མིག་སྔར་འཛམ་གླིང་ཐོག་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་རིང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ད་ལྟ་འཁོར་སྐྱོད་ཧྲིལ་པོའི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་སྤྱི་ལེ7000ལྷག་ཡོད། རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལག་རྩལ་དེ་འཛམ་གླིང་ཐོག་སྔོན་ཐོན་ཡིན་པ་དང་ང་ཚོས་མྱུར་བགྲོད་ལྕགས་ལམ་གྱི་མ་ལག་ཅིག་བསྐྲུན་ཡོད་པ་རེད། མ་འོངས་པར་ད་དུང་ཕྱི་རྒྱལ་དང་ཕན་ཚུན་སློབ་སྦྱོང་དང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།

ཧོང་ཆང་གིས་ད་ལོའི་ལོ་མཇུག་ཏུ་ལམ་ཐིག་དགུ་ཤར་གཏོང་ཐུབ་རྗེས་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་དངོས་ཤུགས་དང་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་མ་ཟད་མངོན་གསལ་དོད་པའི་མཚོན་ཚུལ་ནི་སང་ལོའི་དཔྱིད་གསར་དུས་ཆེན་སྐབས་ཀྱི་སྐྱེལ་འདྲེན་ལ་ནུས་པ་ཆེན་པོ་ཐོན་ཐུབ་རྒྱུ་ཡིན་པས“མྱུར་བགྲོད་ལྕགས་ལམ་ལ་ལྷན་རྒྱས་ནས་ཡིད་ཆེས་ཀྱིས་ཁེངས་རྒྱུར་རེ་བ་ཡོད།དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་གྱི་ཕན་འབྲས་ལ་བལྟས་ན2012ལོར་ལེགས་སུ་ཆེན་པོ་སོང་ཡོད། སང་ལོ་དེ་བས་ལེགས་སུ་འགྲོ་སྲིད་ལ་ད་དུང་གཞེས་ཕོད་དེ་བས་ཀྱང་ལེགས་སུ་འགྲོ་སྲིད”ཅེས་གསུངས།  །

  • ལེ་ཚན་སྔོན་མ།:ཀྲུང་གོའི་བུད་མེད་དང་བྱིས་པའི་ལོ10ཡི་གོང་འཕེལ་གྲུབ་འབྲས་འགྲེམ་སྟོན་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:«བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ»པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།