ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-03-09
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ཚོགས་པས་མཉམ་གཉེར་བྱས་པའི་ཀྲུང་གོའི་བུད་མེད་དང་བྱིས་པའི་ལོ10ཡི་གོང་འཕེལ་གྱི་གྲུབ་འབྲས་འགྲེམ་སྟོན་སྤྱི་ཚེས6ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་རྟེན་རྫས་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད།
ཚན་རིག་དང་མཐུན་པའི་གོང་འཕེལ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོར་གཞིགས་ནས་གཉེར་བའི་ཀྲུང་གོའི་བུད་མེད་དང་བྱིས་པའི་ལོ་བཅུའི་གོང་འཕེལ་གྱི་གྲུབ་འབྲས་འགྲེམ་སྟོན་གྱིས་བུད་མེད་གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་ཞེས་པས་བརྗོད་དོན་གཙོ་བོ་བྱས་པ་དང་། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་དང་། བྱིས་པ་ཨང་དང་པོར་འཇོག་པའི་རྩ་དོན་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། ཡི་གེའི་རིགས་དང་། ཞིབ་ཅིང་ཕྲ་བའི་གྲངས་གཞི། དོན་དངོས་དང་རྩ་ཆེ་བའི་པར་རིས། བརྙན་པར་གྱི་དཔྱད་གཞིའི་རྒྱུ་ཆ་དེ་བཞིན་དངོས་རྫས་བཅས་བརྒྱུད་ལྟ་ཕྱོགས་མི་འདྲ་བ་དང་བང་རིམ་མི་འདྲ་བའི་ཐོག་ནས་ཏང་གི་དབུ་ཁྲིད་འོག་དུས་རབས་གསར་པའི་ལོ་བཅུའི་ནང་རང་རྒྱལ་གྱི་བུད་མེད་དང་བྱིས་པའི་བྱ་གཞག་གོང་འཕེལ་གྱི་བརྗིད་ཉམས་ཆེ་བའི་འཕེལ་རིམ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས་པ་དང་། རྒྱ་ཆེའི་བུད་མེད་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ལག་ལེན་ཁྲོད་གནམ་ཕྱེད་ཀ་འདེགས་པའི་ནུས་པར་བསྟོད་གླུ་བླངས་པ་དང་། གསོན་ཉམས་དོད་པོས་རང་རྒྱལ་གྱི་བུད་མེད་དང་བྱིས་པ་ཁྲི་སྟོང་མང་པོའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་ཀྱི་རྣམ་པ་མངོན་པ་བྱས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10