ཆུ་བེད་བསྐྲུན་ན་དམངས་ལ་ཕན་པ་ཆེན་པོ་ཐོབ་ཀྱི་ཡོད་པ།
ཉི་མ་ཆོས་སྒྲོན། མི་དམངས་ཉིན་རེའི་ཚགས་པར། 2012-03-07
ན་ནིང་ཆུ་བེད་སྒྱུར་བཅོས་དང་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུའི་ཀྲུང་དབྱང་གི་ཡིག་ཨང་དང་པོ་ཁྱབ་བསྒྲགས་བྱས་རྗེས་ས་གནས་ཁག་གི་ཆུ་བེད་བསྐྲུན་རྒྱུ་དེ་གལ་ཆེའི་ཉིན་རེའི་གྲོས་རིམ་ཐོག་བཞག་པ་དང་ན་ནིང་ཁོ་ནར་ཁྲུང་ཆིང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙང་ཆུའི་ལས་གྲྭ2800ལྷག་ཙམ་བསྐྲུན་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཁྲི220ཡི་འཐུང་ཆུ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་པ་དང་འབྲེལ་ཆུ་འདྲེན་ས་ཞིང་མུའུ་ཁྲི25འཕར་སྣོན་བྱུང་བ་དང་ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པའི་ས་ཞིང་མུའུ་ཁྲི13ཟིན་ཡོད་པ་རེད།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲུང་ཆིང་གྲོང་ཁྱེར་ཅང་ཅིང་ཆུས་ཆུ་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་པའེ་ལེ་ཧྲ་ཡིས་རང་ཁྱིམ་གྱི་སྒོ་རྩར་རང་འབབ་ཆུ་ཀ་ལ་འཁྲིད་པ་དང་གྲོང་གསེབ་ཀྱི་ཆུ་བེད་རྣམ་གྲངས་ཆུང་གྲས་ཀྱང་གཅིག་མཇུག་གཉིས་མཐུད་ངང་བསྐྲུན་འགོ་ཚུགས་ཏེ་ཞིང་པ་ཚོས་དུས་ཚོད་མང་པོ་སྤྱད་དེ་ཆུ་འཚོལ་བ་དང་ཆུ་ལེན་པར་འགྲོ་དགོས་མེད་པར་ཞིང་ལས་བྱེད་ཁོམ་བྱུང་བ་དང་ཞིང་ལས་ཐོན་སྐྱེད་ཀྱི་རང་བྱུང་གནོད་འཚེ་འགོག་ནུས་ཀྱང་ཆེ་རུ་སོང་ཡོད་ཅེས་བརྗོད་པ་རེད།
འཐུས་མི་པའེ་ལི་ཧྲ་ཡིས་གྲངས་གཞི་ལས་འཐུང་ཆུའི་བདེ་འཇགས་ལས་གྲྭ་ལག་ལེན་བསྟར་ཡུལ་དུ་ཁྱིམ་དུད་རེ་ནས་ཆ་སྙོམས་ཆུ་ལེན་པའི་ཉིན་གྲངས53གྲོན་ཆུང་ཐུབ་ཡོད།འཐུང་ཆུ་གཙང་མ་བྱུང་བ་དེས་ཁེ་ཕན་ཐོབ་ཁུལ་མང་ཚོགས་ལ་རྒྱུ་ལམ་ན་ཚ་སོགས་ཕོག་ཚད་བརྒྱ་ཆ47ཆག་པ་དང་མི་རེར་ཆ་སྙོམས་ནད་བཅོས་སྨན་རིན་སྒོར100གྲོན་ཆུང་ཐུབ་ཡོད་ལུགས་མངོན་གྱི་ཡོད།དེས་ན་ཞིང་ནང་ཆུ་བེད་ལས་དོན་ལ་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱ་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཞིང་པ་དེ་བས་མང་བར་ཁེ་ཕན་ཐོབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།