བོད་ཀྱི་ལོ་གསར་རིང་བོད་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི8ལྷག་ལ་སྣེ་ལེན་ཞུས།

བོད་ལྗོངས་རླུང་འཕྲིན།        2012-03-07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་བོད་ལྗོངས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་བོད་ཀྱི་ལོ་གསར་རིང་བོད་ལྗོངས་ཀྱི་ཡུལ་སྐོར་སྣེ་ལེན་གྱི་སྤྱི་ཡོངས་གནས་ཚུལ་ཡག་པོ་ཡོད་པ་དང་། བོད་ཀྱི་ལོ་གསར་ཚེས1ནས3ཉིན་བར་ཡུལ་སྐོར་སྣེ་ལེན་གྱི་མི་འབོར་དང་ཡུལ་སྐོར་ཡོང་འབབ་བརྟན་པོའི་ངང་འཕར་ནས། རང་ལྗོངས་སུ་བོད་ཀྱི་ལོ་གསར་དང་དམངས་སྲོལ་ཉམས་ལེན་བྱེད་པར་ཡོང་མཁན་ཡུལ་སྐོར་བ་ཚོས་མང་ཚོགས་ཀྱི་ཁྱིམ་དུ་སྐྱོད་དེ། བོད་རིགས་མང་ཚོགས་དང་མཉམ་དུ་ལོ་གསར་དགའ་གཏོང་བྱས་པ་རེད།
 བསྡོམ་རྩིས་ལྟར་ན་བོད་ཀྱི་ལོ་གསར་རིང་རང་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི8ལྷག་སྣེ་ལེན་ཞུས་ཏེ། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་ཚོ5769བྱུང་ཡོད་པ་རེད། རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་དུས་ཆེན་རིང་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཚན་པས། དུས་ཆེན་གོང་དང་དུས་ཆེན་རིང་གི་ཡུལ་སྐོར་ཁྲོམ་རར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཟང་པོ་བྱུང་ཏེ་ཡུལ་སྐོར་བདེ་འཇགས་ལས་འཛོལ་དང་ཡུལ་སྐོར་བས་ཞུ་གཏུག་བྱེད་པའི་གནས་ཚུལ་གཅིག་ཀྱང་ཐོན་མེད་ཅེས་ངོ་སྤྲོད་གནང་བ་རེད།
ད་ལོ་རང་ལྗོངས་ཀྱིས་དུས་བཞིའི་ཡུལ་སྐོར་དྲིལ་བསྒྲགས་ཤུགས་ཆེ་བྱེད་རྒྱུས་འགག་སྒྲོལ་བྱས་ཏེ་ལོ་ཧྲིལ་པོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་ཚོ1000ལས་བརྒལ་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར120ཟིན་པ་བྱ་རྒྱུ་དང་། སྤྱི་ལོ2012ལོར་བོད་ལྗོངས་ལ་ཡུལ་སྐོར་སྤྲོ་གསེང་བྱེད་པའི་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ། ཡུལ་སྐོར་ཁྲོམ་ར་དུས་བཞིར་དོ་སྙོམས་ཡོང་བའི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་ཡིན་པ་རེད།  །
  • ལེ་ཚན་སྔོན་མ།:འཐུས་མི་ཁྲིན་སུའུ་ཡིས་ནུབ་རྒྱུད་ས་ཁུལ་གྱི་རོང་འབྲོག་ས་ཁུལ་ནས་སློབ་ལོ་མ་རན་གོང་གི་སློབ་ཡོན་མེད་པར་གཏོ
  • ལེ་ཚན་རྗེས་མ།:ཆུ་བེད་བསྐྲུན་ན་དམངས་ལ་ཕན་པ་ཆེན་པོ་ཐོབ་ཀྱི་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།