འཐུས་མི་ཁྲིན་སུའུ་ཡིས་ནུབ་རྒྱུད་ས་ཁུལ་གྱི་རོང་འབྲོག་ས་ཁུལ་ནས་སློབ་ལོ་མ་རན་གོང་གི་སློབ་ཡོན་མེད་པར་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་གྲོས་གཞི་བཏོན་པ།

བདེ་སྐྱིད་འཚོ།    མཚོ་སྔོན་གསར་འགྱུར་དྲ་བ།    2012-03-07

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཁྲིན་སུའུ་ཡིས་ཚོགས་ཐོག་ནས། རྒྱལ་ཁབ་ཀྱིས་ཆེད་སྤྱོད་གྲོན་དངུལ་བཙུགས་ནས། མཚོ་སྔོན་སོགས་ནུབ་རྒྱུད་མཐའ་འཁོབ་དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ་གྱི་རོང་འབྲོག་ས་ཁུལ་ནས་སློབ་ལོའི་སྔོན་གྱི་སློབ་ཡོན་མེད་པར་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་གྲོས་གཞི་བཏོན།ཁྲིན་སུའུ་ཡིས་བཤད་རྒྱུར། ཉིས་སྟོང་བཅུ་གཅིག་ལོའི་ལོ་མཇུག་ཏུ། མཚོ་སྔོན་དུ་བྱིས་བཅོལ་ཁང་དགུ་བརྒྱ་དང་བརྒྱད་ཅུ་ཡོད་པ་དང་། ཉིས་སྟོང་བཅུ་ལོ་ལས་སུམ་བརྒྱ་དང་གྱ་གཅིག་ཇེ་མང་དུ་སོང་། བྱིས་པ་འབུམ་གཅིག་དང་ཁྲི་གསུམ་སྟོང་བཞི་ལྷག་ཡོད་པ་དང་། ཉིས་སྟོང་བཅུ་ལོ་ལས་ཁྲི་གཉིས་དང་སྟོང་གཉིས་ལྷག་ཇེ་མང་དུ་སོང་། ཡིན་ནའང་ད་ལྟ་སློབ་ལོའི་སྔོན་གྱི་སློབ་གསོའི་བདེ་ཐང་སྤེལ་བར་བར་ཆད་ཐེབས། ཐོག་མར་མ་དངུལ་གཏོང་ཤུགས་མི་འདང་བ་དང་། མཁར་གྲོང་བར་གྱི་འཕེལ་རྒྱས་ལ་ཁྱད་པར་ཆེ། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ལོ་གསུམ་ནས་ལོ་དྲུག་བར་གྱི་བྱིས་པ་འབུམ་གཉིས་དང་ཁྲི་བཞི་ལྷག་གི་ཁྲོད་དུ། བྱིས་བཅོལ་ཁང་དང་སློབ་ཆུང་དུ་ཞུགས་པའི་མི་གྲངས་འབུམ་གཅིག་དང་ཁྲི་གསུམ་སྟོང་བཞི་ཡོད་པ་དང་། དེས་སློབ་གྲྭར་ཞུགས་པའི་མི་གྲངས་ཀྱི་བརྒྱ་ཆའི་ང་བཞི་ལྷག་ཟིན་པ་དང་། ད་ལྟ་ཡོད་པའི་བྱིས་བཅོལ་ཁང་གི་ཆ་རྐྱེན་ལྟོས་བཅས་ཀྱིས་རྗེས་ལུས་རེད། སློབ་གསོའི་ཐད་ལ་མ་དངུལ་གཏོང་བ་དང་ཡང་ན་བྱིས་བཅོལ་ཁང་སྒྲུབ་པའི་ཆ་རྐྱེན་དང་། བྱིས་བཅོལ་ཁང་སྒྲུབ་པའི་ཆུ་ཚད། ཁྱབ་གདལ་དུ་གཏོང་བའི་ཆུ་ཚད་དང་སློབ་གསོའི་རྒྱུ་སྤུས་སོགས་ཚང་མའི་ཐད་ནས་ཁྱད་པར་ཆེ་བ་དང་མཉམ་དུ་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བྱ་བར་ཤུགས་བསྣན་པ་མི་འདང་བའི་ཁར། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ནོར་སྲིད་ཐད་དཀའ་ཁག་ཆེ་བ་དང་། སློབ་གྲྭར་མ་ཞུགས་སྔོན་གྱི་གྲོན་དངུལ་གཏོང་ཚད་མི་འདང་བའི་གནས་ཚུལ་ཧ་ཅང་འབུར་ཐོན་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭར་མ་ཞུགས་སྔོན་གྱི་སློབ་གསོར་སློབ་ཁང་དང་མལ་ཁང་མི་འདང་བ་དང་། སློབ་ཁྲིད་ཀྱི་སྒྲིག་ཆས་མི་འདང་བ་སོགས་ཀྱི་གནད་དོན་འབུར་ཐོན་རེད།རྒྱལ་ཁབ་ཀྱིས་ཆེད་སྤྱོད་མ་དངུལ་བཙུགས་ནས། མཚོ་སྔོན་སོགས་ནུབ་རྒྱུད་མཐའ་འཁོབ་ས་ཁུལ་གྱི་དཀའ་ཁག་ཆེ་བའི་མི་རིགས་ས་ཁུལ་གྱི་རོང་འབྲོག་ཕྱོགས་ཀྱི་སློབ་ལོའི་སྔོན་གྱི་སློབ་ཡོན་མི་ལེན་པའི་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་། སྔ་མོ་ནས་རྒྱལ་ཡོངས་ཀྱི་སློབ་གྲྭར་མ་ཞུགས་སྔོན་གྱི་སློབ་གསོའི་འོས་འགན་ལམ་ལུགས་མངོན་འགྱུར་བྱས་ནས། དར་རྒྱས་ཆེ་བའི་ས་ཁུལ་དང་དར་རྒྱས་མིན་པའི་ས་ཁུལ་བར་གྱི་སློབ་གསོའི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས་ཟེར།

  • ལེ་ཚན་སྔོན་མ།:ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཏེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི་བ
  • ལེ་ཚན་རྗེས་མ།:བོད་ཀྱི་ལོ་གསར་རིང་བོད་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི8ལྷག་ལ་སྣེ་ལེན་ཞུས།
  • དོ་སྣང་ཆེ་བའི་རྩོམ།