ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཏེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་པ།

གཡང་འབུམ་རྒྱལ།    མཚོ་སྔོན་གསར་འགྱུར་དྲ་བ།    2012-03-07

ཟླ་གསུམ་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཞིང་ཆེན་ཏང་ཨུའི་སྒྲོག་སྦྱོང་ཚོགས་པ་བཅས་ཀྱིས་རྩ་འཛུགས་བྱས་པའི་ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཏེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པ་བརྗོད་བྱ་གཙོ་བོ་ཡིན་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏེ་མ་ཅ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། དེ་མིན་བློ་མཐུན་བཅུ་ཡིས་ཚོགས་ཐོག་ཏུ་གཏམ་བཤད།ཅི་ཏེ་མ་ཅ་ཡིས་གཏམ་བཤད་སྐབས་བཤད་རྒྱུར། གཏིང་ཟབ་པའི་སྒོ་ནས་གནས་བབ་གསར་བའི་འོག་ཏུ་ལེ་ཧྥུན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་ནང་དོན་གལ་ཆེན་གསལ་བོར་ཤེས་པར་བྱེད་དགོས། དུས་རབས་ཕྱེད་ཙམ་གྱི་རིང་ལ་ང་ཚོའི་ཏང་གིས་མུ་མཐུད་དུ་ལེ་ཧྥུན་གྱི་སྙིང་སྟོབས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད་ཤུགས་ཆེན་པོས་ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། མུ་མཐུད་དུ་ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་བྱེད་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་དུ་བཞག་ནས། ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ལ་སྟོབས་ཤུགས་གསར་བ་སྣོན་དགོས། ལེ་ཧྥུན་ནི་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་མི་དམངས་དུང་ཕྱུར་མང་པོའི་སེམས་གཏིང་དུ་གནས་པ་དང་ཀུན་གྱི་བསམ་བློའི་སྙིང་སྟོབས་ཀྱི་རྡོ་རིང་ལྟ་བུར་གྱུར་ཡོད་ལ། ལེ་ཧྥུན་གྱི་སྙིང་སྟོབས་ཀྱིས་དུས་རབས་འགའི་མི་ལ་སྐུལ་མ་ཐེབས་ཤིང་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་བསམ་པའི་ལོངས་སྤྱོད་གྱ་ནོམ་པ་ཞིག་ཏུ་གྱུར་ཡོད་ཟེར།ཅི་ཏེ་མ་ཅ་ཡིས་གཏིང་ཟབ་ཅིང་ཡང་དག་པའི་སྒོ་ནས་ལེ་ཧྥུན་སྙིང་སྟོབས་ཀྱི་ནང་དོན་དང་ངོ་བོར་རྒྱུས་ལོན་གསལ་བོ་བྱས་ཏེ། ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་རྩ་འཛུགས་དང་ལག་བསྟར་བཟང་བོ་བྱེད་དགོས་པའི་བླང་བྱ་བཏོན།

  • ལེ་ཚན་སྔོན་མ།:ཨུ་ཡོན་པདྨས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་འཛུགས་སྐྲུན་ལ་དཔྱད་ཞིབ་ཚད་ལེན་བྱེད་པ་ནི་གལ་འགངས་
  • ལེ་ཚན་རྗེས་མ།:འཐུས་མི་ཁྲིན་སུའུ་ཡིས་ནུབ་རྒྱུད་ས་ཁུལ་གྱི་རོང་འབྲོག་ས་ཁུལ་ནས་སློབ་ལོ་མ་རན་གོང་གི་སློབ་ཡོན་མེད་པར་གཏོ
  • དོ་སྣང་ཆེ་བའི་རྩོམ།