ཨུ་ཡོན་པདྨས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་འཛུགས་སྐྲུན་ལ་དཔྱད་ཞིབ་ཚད་ལེན་བྱེད་པ་ནི་གལ་འགངས་ཧ་ཅང་ཆེ་ཞེས་བཤད།

བསོད་ནམས་ལྷ་མོ།    མཚོ་སྔོན་གསར་འགྱུར་དྲ་བ།    2012-03-07

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པདྨས་རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱི་སྟེང་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་འཛུགས་སྐྲུན་བྱེད་པར་ཚད་ལེན་ཞིབ་བཤེར་དང་དཔྱད་འཇོག་བྱེད་པ་ནི་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པར་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱེད་པའི་བྱ་བར་གལ་འགངས་ཧ་ཅང་ཆེ་ཟེར།ཁོས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་བྱས་ཏེ་སྔ་གཞུག་ཏུ་ཕྱུགས་འཚོ་མཚམས་བཞག་ནས་རྩྭ་ས་སླར་གསོ་བྱེད་པའི་བཟོ་སྐྲུན་དང་། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སོགས་ལ་ཆོག་མཆན་བཀོད་ནས་ལག་བསྟར་བྱས་པས། སྐྱེ་ཁམས་སྲུང་སྐྐྱོབ་དང་འཛུགས་སྐྲུན་ཐད་ནས་ཐོག་མའི་གྲུབ་འབྲས་བླངས་པ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བར་ལེགས་བཅོས་ཐོབ། དེ་བས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་འཛུགས་སྐྲུན་བྱེད་པར་ཚད་ལེན་ཞིབ་བཤེར་དང་དཔྱད་འཇོག་བྱེད་པ་དེ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་ཁ་གསབ་ལམ་ལུགས་སྒྲིག་བཟོ་དང་འཁོར་སྐྱོད་བྱེད་པ། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་སོགས་ལ་གཞི་འཛིན་ས་གལ་ཆེན་ཞིག་འདོན་སྤྲོད་བྱེད་ཐུབ་པ་མ་ཟད། གཙང་གསུམ་འབྱུང་ཡུལ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་ཡང་དོན་སྙིང་གལ་ཆེན་ལྡན་ཟེར།

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  • ལེ་ཚན་རྗེས་མ།:ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ཏེ་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་པའི་བ
  • དོ་སྣང་ཆེ་བའི་རྩོམ།