སྲིད་གྲོས་ཨུ་ཡོན་གྱིས་ཐང་བོད་མནའ་འབྲེལ་རྡོ་རིང་གི་སྲུང་སྐྱོང་ལས་གཞི་མགོ་འཛུགས་རྩིས་ཡོད་པའི་སྐོར་བརྗོད་པ།

ཟོན་ཐར་སྐྱིད་ཀྱིས་བསྒྱུར།    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-03-06

རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་སྒྲིལ་མཛའ་གྲོགས་ཀྱི་ལོ་ངོ་སྟོང་གི་དཔང་པོ་སྟེ་ལྷ་སའི་གཙུག་ལག་ཁང་མདུན་གྱི་ཐང་བོད་མནའ་འབྲེལ་རྡོ་རིང་ལ་སྲུང་སྐྱོང་སྔར་བས་ཡག་པོ་བྱ་རྒྱུ་རེད།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་འཇིགས་མེད་རྣམ་རྒྱལ་གྱིས་གཙུག་ལག་ཁང་མདུན་གྱི་ཐང་བོད་མནའ་འབྲེལ་རྡོ་རིང་གི་སྲུང་སྐྱོང་ལས་གཞི་མགོ་འཛུགས་རྒྱུ་རེད་ཅེས་བསྟན་པ་རེད།ཐང་བོད་མནའ་འབྲེལ་རྡོ་རིང་ནི་སྤྱི་ལོ༨༢༣ལོར་ཐུ་བྷོད་ཀྱི་བཙན་པོས་ཐང་བོད་མནའ་འབྲེལ་ལ་དྲན་གསོ་བྱ་ཆེད་བཞེངས་ཤིང་།ངོ་སྤྲོད་བྱས་པར་གཞིགས་ན།སྲུང་སྐྱོང་ལས་གྲྭར་ཁག་གཉིས་ཡོད་པ་དང་ཐོག་མར་ཕྱིར་མངོན་པའི་རྡོ་རིང་ལ་སྲུང་སྐྱོང་བྱ་རྒྱུ་དང་། ཐོག་མའི་ཇུས་གཞི་ནི་རྡོ་རིང་གི་ཕྱོགས་བཞིར་ཀ་བ་བཞི་བསླངས་ཏེ་ཕྱོགས་བཞིའི་ཤེལ་སྒྲོམ་བཟོ་བ་དང་སྟེང་དུ་ཆར་ཁེབས་བཟོ་རྒྱུ་དེ་རེད།དེ་དང་ཆབས་ཅིག་མཐའ་འཁོར་དུ་མཐོ་ཚད་སྨི༢ལྷག་ཡོད་པའི་གྱང་ར་དེ་བཤིག་ནས་ཐང་བོད་མནའ་འབྲེལ་རྡོ་རིང་དེ་ཀུན་གྱི་མིག་ལམ་དུ་མངོན་དུ་འཇུག་རྒྱུ་རེད།
  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིན་དུ་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཝུན་ཅ་པའོ་ཡིས་ཆོས་ལུགས་ཚོགས་པ་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཚུལ་བཏོ
  • དོ་སྣང་ཆེ་བའི་རྩོམ།