ཝུན་ཅ་པའོ་ཡིས་ཆོས་ལུགས་ཚོགས་པ་དང་དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་ཚུལ་བཏོན།

དཔལ་མགོན་སྐྱབས་ཀྱིས་བསྒྱུར།    ཀྲུང་གོའི་བོད་ལྗོངས་དྲ་བ།    2012-03-06

༢༠༡༢ལོའི་ཟླ༣པའི་ཚེས༥ཉིན་གྱི་སྔ་དྲོའི་ཆུ་ཚོད༩སྟེང་དུ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་ཐེངས་ལྔ་བ་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོག་འགོ་ཚུགས་པ་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་སྲིད་གཞུང་ལས་དོན་སྙན་ཞུ་དང་། ལོ་གཅིག་གི་འཆར་གཞིའི་སྙན་ཞུ། ཚོད་རྩིས་སྙན་ཞུ་སོགས་ཁྱབ་བསྒྲགས་བྱས་པ་རེད།
ཝུན་ཅ་པའོ་ཡིས་བསྟན་དོན། རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཞིག་ཡིན་པས། མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་དམ་ཟབ་ངང་། ཧུར་བརྩོན་ཆེན་པོས་ཡར་རྒྱས་གོང་འཕེལ་བཏང་ན། རྒྱལ་ཁབ་ད་གཟོད་སྟོབས་འབྱོར་ཅན་དུ་འགྱུར་སྲིད་པ་རེད།མི་རིགས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་ཆ་ཚང་དུ་གཏོང་དགོས་པ་དང་།ཀྲུང་དབྱང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཐབས་ལམ་དག་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས་པ་མ་ཟད། མི་གྲངས་ཉུང་བའི་མི་རིགས་འཕེལ་རྒྱས་ཤུགས་ཆེར་གཏོང་བ་དང་།མཐའ་མཚམས་ས་ཁུལ་དང་མང་ཚོགས་ཀྱི་འཚོ་བ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ།གྲངས་ཉུང་མི་རིགས་ཀྱི་ལས་རིགས་ཁག་འཕེལ་རྒྱས་གཏོང་བའི་འཆར་གཞི་འགོད་པ་སོགས་བྱེད་དགོས།བློ་བརྟན་འགྱུར་མེད་ངང་འདྲ་མཉམ་མཐུན་སྒྲིལ་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་དགོས་པ་རེད་ཅེས་བསྟན།
ཝུན་ཅ་པའོ་ཡིས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཐབས་ལམ་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སྡེ་ཁག་གི་མི་སྣ།དད་ལྡན་མང་ཚོགས་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་།ཁོང་ཚོས་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་དར་རྒྱས།སྤྱི་ཚོགས་འཆམ་མཐུན་སོགས་ཀྱི་ཐད་ལ་ནུས་པ་འདོན་ཐུབ་པ་བྱེད་དགོས།ཏང་གི་ཀྲུང་གོའི་ཕྱི་སྡོད་མི་སྣར་ཁ་ཕྱོགས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།ཕྱི་སྡོད་སྤུན་ཟླ་དང་ནང་ལོག་མི་སྣ་དག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ།ཁོང་ཚོ་མེས་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་དང་ཞི་བདེ་གཅིག་གྱུར་ལས་དོན་དུ་ཞུགས་པར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན།
  • ལེ་ཚན་སྔོན་མ།:སྲིད་གྲོས་ཨུ་ཡོན་གྱིས་ཐང་བོད་མནའ་འབྲེལ་རྡོ་རིང་གི་སྲུང་སྐྱོང་ལས་གཞི་མགོ་འཛུགས་རྩིས་ཡོད་པའི་སྐོར་བརྗོ
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིན་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།