ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 2012-03-05
ཟླ་བ3པའི་ཚེས3ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བའི་གནས་ཚུལ་ཡིན་པ།
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ3པའི་ཚེས3ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་དང་།ཕྱིན་ཆད་ཉིན་བཅུའི་རིང་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེར་དམིགས་ཏེ་ཆབ་སྲིད་གྲོལ་མོལ་དང་།དམངས་གཙོའི་ལྟ་སྐུལ།སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ཏན་ཏིག་བསྒྲུབ་རྒྱུ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀང་།ལེའོ་ཧུའེ།ཏུའུ་ཆིང་ལིན།འལགས་པ་ལྷ་དགེ་ལེགས་རྣམ་རྒྱལ།པའེ་ལི་ཁྲེན།ཁྲེན་ཁུའེ་ཡོན།ཨ་པུའུ་ལེ་ཐི་ཨ་པུ་ཏུའུ་རེ་ཤིས་ཐི།ལི་ཀྲའོ་ཀྲུའོ།ཧོང་མོང་ཕུའུ།ཏུང་ཅན་ཧྭ།ཀྲང་མའེ་ཡིང་།ཀྲང་རུང་མིང་།ཆན་ཡུན་ལུའུ།སུན་ཅ་ཀྲེང་།ལི་ཅིན་ཧྭ།ཀྲེན་དབན་ཐུང་།ཏེང་ཕུའུ་ཕང་།དབན་ཀང་།ལིན་ཝུན་དབྱི།ལི་ཝུའུ་ཝུའེ།ལུའོ་ཕུའུ་ཧོ།ཁྲེང་ཙུང་ཤིང་།ཝང་ཀྲི་ཀྲེན།ཧོ་ཧའུ་ཧྭ་བཅའ་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཧུའུ་ཅིན་ཐའོ་དང་།ཝུའུ་པང་གོ།དབུན་ཅ་པའོ།ལི་ཁྲང་ཁྲུན།ཞིས་ཅིན་ཕིང་།ལི་ཁེ་ཆང་།ཧོ་གོ་ཆང་།ཀྲོའུ་ཡུལ་ཁང་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ནས་ཚོགས་ཆེན་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་དགོས་པའི་ཨུ་ཡོན2262ཡོད་པ་དང་དངོས་སུ་མི་གྲངས2192ཕེབས་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་འཚམས་ཡོད།ཕྱི་དྲོའི་ཆུ་ཚོད་གསུམ་པར་ཝང་ཀང་གིས་ཚོགས་ཆེན་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་ཚང་མ་བཞེངས་ཏེ་རྒྱལ་གླུ་བཏང་གནང་བ་རེད།
ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་གྲོས་ཞིབ་གྲོས་འཆམ་གནང་བ་རེད།
ཅ་ཆིང་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་ཞིང་།ཁོང་གིས་2011ལོ་ནི་“ལོ་ལྔ་ཚན་བཅུ་གཉིས་པའི་”འགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་ལོ་གཅིག་རིང་མི་དམངས་སྲིད་གྲོས་ཀྱིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་བརྗོད་བྱ་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱེད་པ་དང་།དུ་རབས་འཕེལ་རྒྱས་ཀྱི་གཙོ་རྒྱུན་ཁོང་དུ་ཆུད་པ།ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་གཙོ་བོར་འཛིན་པ་བཅས་བྱས་ནས་ཆབ་སྲིད་གྲོས་མོལ་དང་།དམངས་གཙོ་ལྟ་སྐུལ།སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་ཏེ་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ཏུ་གཅིག་སྡུད་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་ཞབས་འདེགས་ཞུ་བ་དང་ཕྱོགས་གང་ཅིའི་ཐད་ཀྱི་འབྲེལ་བ་མཐུན་འགྲིག་ཧུར་ཐག་བྱས་ནས་སྤྱི་ཚོགས་ཞི་མཐུན་ལ་སྐུལ་མ་གཏོང་བ།རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རིག་གནས་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི་”འཆར་འགོད་ལག་ལེན་བསྟར་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པར་རྒྱལ་ཁ་གསར་པ་བླང་ཆེན་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་སྐྱེ་སྟོབས་དང་གསོན་ཤུགས་ཀྱི་དཔལ་འབར་བའི་རྣམ་པ་ཐོན་ཡོད་ཅེས་གསུངས་པ་རེད། ཅ་ཆིན་ལིན་གྱིས་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་བརྟན་དུ་ཏན་ཏིག་བཏང་བ་དང་།བརྗོད་བྱ་གཙོ་བོ་དང་།གཙོ་སྣེ།གྲོས་མོལ་སྲིད་གླེང་བཅས་དམ་པོར་བཟུང་ནས་དཔལ་འབྱོར་བརྟན་ལ་མྱུར་བའི་ངང་འཕར་རྒྱུར་སྐུལ་མ་ཧུར་ཐག་བཏང་བ།རིག་གནས་འཛུགས་སྐྱོང་ལ་དམིགས་ནས་ཐབས་དང་ཇུས་བཏོན་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་མ་བཏང་བ།མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་བཏང་བ།སེམས་ནུས་རྒྱ་ཁྱབ་ཏུ་བསྡུས་ཏེ་སྤུན་ཟླ་ཤང་ཀང་བ་དང་།ཨའོ་མོན་བ།ཐའེ་དབན་བ་བཅས་དང་ཕྱིར་སྡོད་རང་མི་དང་མཐུན་སྒྲིལ་མཛའ་གྲོགས་ལ་ཤུགས་སྣོན་བརྒྱབ་པ།རྒྱལ་སྤྱི་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པའི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་བཟང་པོ་ཞིག་བཏོན་པ།རྩ་སྲ་དམངས་བརྟན་མཐའ་འཁྱོངས་བྱས་ཏེ་རང་ངོས་ཀྱི་འཛུགས་སྐྱོང་ལ་ཏན་ཏན་ཏིག་ཏིག་ངང་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་བ་བཅས་ཕྱོགས་བདུན་གྱི་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱོགས་སྡོམ་གནང་བ་རེད།
ཅ་ཆིན་ལིན་གྱིས་2012ལོ་ནི་“ལོ་ལྔ་ཚན་བཅུ་གཉིས་པའི་”འཆར་གཞི་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་མཐུད་ཀྱི་གལ་ཆེའི་ལོ་ཞིག་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོག་རྒྱུར་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད།མི་དམངས་སྲིད་གྲོས་ཀྱི་འཁུར་བའི་ལས་འགན་ནི་གལ་འགངས་ཆེ་ལ་ཕྲག་ཏུ་འཁུར་བའི་འགན་འཁྲི་ནི་གཟི་བརྗིད་ཅིག་ཡིན།ང་ཚོས་ངེས་པར་དུ་འོས་འགན་གསལ་རྟོགས་དང་ལས་འགན་གཙང་སྒྲུབ་དང་ལས་གནས་བརྟན་སྲུང་བྱེད་པ་དང་འབྲེལ་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་དང་གསར་འབྱེད་ཡར་བརྩོན་གྱི་ལས་ཀའི་ངར་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་ཧུར་ཐག་འབུལ་དགོས།འདི་ལོའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་གྱི་སྤྱིའི་བསམ་ཕྱོགས་ནི།ཀྲུང་གུང་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།བཞི་པ།ལྔ་པ།དྲུག་པ་བཅས་ཀྱི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།བརྗོད་བྱ་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་སྟངས་འཛིན་ནན་པོ་བྱེད་པ།བརྟན་པོའི་ངང་མདུན་སྐྱོད་བརྩོན་ལེན་བྱེད་པའི་ལས་དོན་ལྟེ་བ་སྟངས་འཛིན་ནན་པོ་བྱེད་པ།འགན་ནུས་སྒྲུབ་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།སྲིད་གླེང་ཇུས་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་པ།སྤྱི་ཚོགས་ཀྱི་ཞབས་ཞུའི་ཕན་ནུས་ལ་ཤུགས་རྒྱག་པ།མཐུན་སྦྱོར་གྱི་འབྲེལ་བ་དང་།སྟོབས་ཤུགས་གཅིག་སྡུད།ཐབས་དང་ཇུས་འདོན་པ།སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུའི་བསུ་བ་ཞུ་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
ལིན་ཝུན་དབྱིས་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས་ཤིང་།ལོ་གཅིག་རིང་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཚན་པ་ཁག་དང་དེ་བཞིན་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཁྱོན་གྲོས་གཞི6076ཕུལ་ཡོད་པ་དང་ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི5603ཐོ་འགོད་བྱས་ཡོད།2012ལོའི་ཟླ་2ཚེས་20ཉིན་བར་གྲོས་གཞི5583ལ་ལན་བཏབ་པ་དེས་ཐོ་འགོད་གྲོས་གཞིའི་བསྡོམས་འབོར་གྱི་བརྒྱ་ཆ99.64བཟུང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་འགོ་ཚུགས་ཚོགས་ཆེན་ཐོག་ཟུར་ཞུགས་གནང་བ་དང་ཀྲུང་གོ་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པས་གདན་ཞུས་ལྟར་འགོ་ཚུགས་ཚོགས་ཆེན་ཟུར་ཉན་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10