རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-07-04
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚུན་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོས་ལས་བཟོའི་རྫོགས་ལྡན་དུས་སྐབས་བེད་སྤྱད་དེ། བསྒྱུར་བཅོས་བྱེད་ཡུལ་གཏན་འཁེལ་བྱེད་པ་སོགས་ཀྱི་བྱ་བའི་གོ་རིམ་དང་བཟོ་འགོད་སྤུས་ཚད་ཞིབ་བཤེར་ལ་ཤུགས་བསྣན་པའི་རྨང་གཞིའི་སྟེང་། ཧུར་བརྩོན་གྱིས་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བཟོ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས14ཉིན་བར་དུ། མཚོ་སྔོན་གྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བཟོ་འགོད་ཁྱིམ་ཚང16162འཛུགས་སྐྲུན་བྱེད་འགོ་བརྩམས་ཤིང་། དེས་འཛུགས་སྐྲུན་ལས་འགན་གྱི64.24%ཟིན་ཡོད་ལ། ཟླ་སྔོན་མའི་དུས་མཉམ་ལས39.22%གོང་དུ་འཕེལ། དེའི་ནང་ཟི་ལིང་གྲོང་ཁྱེར་གྱིས་ཁྱིམ་ཚང4682འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། མཚོ་ཤར་ས་ཁུལ་གྱིས་ཁྱིམ་ཚང6118དང་མཚོ་ནུབ་ཁུལ་གྱིས་ཁྱིམ་ཚང739། མཚོ་ལྷོ་ཁུལ་གྱིས་ཁྱིམ་ཚང1347། མཚོ་བྱང་ཁུལ་གྱིས་ཁྱིམ་ཚང1814། རྨ་ལྷོ་ཁུལ་གྱིས་ཁྱིམ་ཚང1462འཛུགས་སྐྲུན་བྱེད་འགོ་བརྩམས་ལ། ལྷག་མའི་ཁྱིམ་ཚང7996ད་ལྟ་བཟོ་སྐྲུན་རྒྱུ་ཆ་གྲ་སྒྲིག་བྱས་ནས་ལས་འགོ་རྩོམ་པར་སྒུག་ཡོད།
མིག་སྔའི་བར་དུ། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དཀའ་ངལ་མང་ཚོགས་ཀྱི་ཁང་རྙིང་བསྒྱུར་བཅོས་བྱེད་ཡུལ་རྫོང་ལ2012ལོའི་སྐོར་དང་པོའི་ཁྱིམ་ཚང་ཁྲི2.4ཡི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་ཚང་མ་དངོས་འབེབས་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4.032ལ་སླེབས་ཡོད། ས་གནས་ཆ་སྡེབ་མ་དངུལ་དངོས་འབེབས་ཀྱི་ཐད་དུ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ། མཚོ་བྱང་ཁུལ། མཚོ་ལྷོ་ཁུལ། རྨ་ལྷོ་ཁུལ་སོགས་ཀྱིས་ཆ་སྡེབ་མ་དངུལ་སྒོར་ཁྲི6784དངོས་འབེབས་བྱས་པས། དེས་ཞིང་ཆེན་ཡོངས་ཀྱི་ས་གནས་ཆ་སྡེབ་མ་དངུལ་གྱི84.8%ཟིན་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10