ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-07-04
2012ལོའི་སྐབས་བཅུ་གཅིག་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་
འགྲན་བསྡུར་གྱི་འགྲན་སྐབས་བཞི་བའི་བྱ་དགའ་གནང་བའི་
མཛད་སྒོ་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་དུ་སྤེལ།
2012ལོའི་སྐབས་བཅུ་གཅིག་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་
འགྲན་བསྡུར་གྱི་འགྲན་སྐབས་བཞི་བའི་བྱ་དགའ་གནང་བ།
ཟླ7པའི་ཚེས2ཉིན། 2012ལོའི་སྐབས་བཅུ་གཅིག་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་འགྲན་སྐབས་བཞི་བའི་བྱ་དགའ་གནང་བའི་མཛད་སྒོ་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་དུ་བདེ་བླག་ངང་སྤེལ། དབུས་ལམ་རྫོང་གིས་བསྡོམས་པས་སྤྱི་བདེ་མི་སྣ569དང་། དང་བླངས་པ30དང་། འོས་འགན་ངལ་རྩོལ་མི་སྣ520ལྷག རླངས་འཁོར120ལྷག་བཅས་བཀོད་སྒྲིག་གནང་བ་དང་། ལས་བྱེད་མང་ཚོགས་བསུ་སྐྱེལ་ཐེངས5000ལྷག་བྱས། འདི་ལས་མི་སོ་སོས་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ལ་དོ་སྣང་དང་རྒྱབ་སྐྱོར། ཟབ་ཞུགས་བཅས་བྱེད་པའི་རྣམ་པ་གྲུབ་ཡོད་པ་བསྟན།
2012ལོའི་སྐབས་བཅུ་གཅིག་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་
རྟ་འགྲན་བསྡུར་གྱི་འགྲན་སྐབས་བཞི་བའི་བྱ་དགའ་གནང་བ།
ཐེངས་འདིའི་རྒྱལ་སྤྱིའི་འགྲན་བསྡུར་གྱི་མཐོང་རྒྱ་ལས། དབུས་ལམ་རྫོང་མི་དམངས་ཀྱི་སྤྲོ་སེམས་དང་། མགྲོན་བསུའི་ཞབས་ཞུ། སྤོབས་སེམས། སྔོན་སྐྱོད་བཅས་བྱེད་པའི་རྣམ་པ་དག་ལོ་རྒྱུས་གྱི་ཟིན་ཐོར་བཀོད་ཅིང་། དབུས་ལམ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་ཀྱི་འཚོ་རྣམ། རང་བྱུང་མཛེས་ལྗོངས། གནས་སྐོར་མཛེས་ལྗོངས་བཅས་ཁྱད་དུ་འཕགས་པའི་ས་ཁོངས་ཀྱི་མཛེས་རྣམ་ཡོངས་སུ་མངོན་པ་རེད།
2012ལོའི་སྐབས་བཅུ་གཅིག་པའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་
འགྲན་བསྡུར་གྱི་འགྲན་སྐབས་བཞི་བའི་བྱ་དགའ་གནང་བ།
འདིས་དབུས་ལམ་རྫོང་གི་རྒྱལ་ནང་དང་རྒྱལ་སྤྱིའི་ཤུགས་རྐྱེན་མཐོར་འདེགས་འབྱུང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་ལུས་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས། རྒྱལ་སྤྱིའི་མཉམ་འབྲེལ། ས་གནས་ཀྱི་དཔལ་འབྱོར་རྒྱུན་རིང་འཕེལ་རྒྱས་བཅས་བྱེད་པར་དགེ་མཚན་ཆེན་པོ་ལྡན་ངེས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10