གསེར་རྟ་རུ་བོད་ཁུལ་ན་དཀོན་པའི་གནའ་བོའི་ནང་བསྟན་མཆོད་རྟེན་རྙེད་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-07-04

གསེར་རྟ་རུ་བོད་ཁུལ་ན་དཀོན་པའི་གནའ་བོའི་ནང་བསྟན་མཆོད་རྟེན་རྙེད་པ།
གསེར་རྟ་རྫོང་གི་གནའ་བོའི་མཆོད་རྟེན།
 

   ཟླ7པའི་ཚེས1ཉིན།  མིང་དུ་གྲགས་པའི་གནའ་རྫས་རྟོག་ཞིབ་པ་ཝུན་ཡུས་ཁྲིན་ལགས་ཀྱིས་གསེར་རྟ་རྫོང་ཤེས་གྲུབ་ཡུལ་ཚོ་རུ་རྟོག་ཞིབ་བྱེད་དུས་གྲལ་དུ་སྟར་བའི་མཆོད་རྟེན་དཀར་པོ་གསུམ་མཐོང་སྟེ་དེ་དག་ནི་རྒྱལ་རབས་སོ་སོར་བསྐྱར་བསྐྲུན་གནང་ཡོད་ནའང་མ་གཞིའི་རྣམ་པ་རྒྱུན་འཁྱོངས་བྱས་འདུག་ཟེར།   དེའི་ཞབས་ངོས་ནི་དབྱིབས་གྲུ་བཞི་ཡིན་ཞིང་། མཐོ་ཚད་ལ་སྨི2.1དང་། ཞེང་དང་ཟབ་ཚད་ལ་སྨི5.05།  སྤྱིའི་མཐོ་ཚད(སྐྱོན་བྱུང་བ)ལ་སྨི7.05བཅས་ཡིན།  དབྱིབས་ཀྱི་བཟོ་སྟངས་ལ་བལྟས་ན། གནའ་བོའི་རྒྱ་གར་མཆོད་རྟེན་གྱི་འགྱུར་བ་ལས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞིང་། ཧ་ལམ་དུས་རབས11པ་ནས12བར་ཏེ་བོད་རྒྱུད་ནང་བསྟན་གྱི་བསྟན་པ་ཕྱི་དར་སྐབས་སུ་ཡིན་པ་འདྲ་ལ། འདི་ནི་དཀར་མཛེས་དང་རྔ་བ་ས་ཁུལ་དུ་རྙེད་པའི་ཆེས་སྔ་བའི་མཆོད་རྟེན་ཞིག་ཡིན། འདིས་བསྟན་པ་ཕྱི་དར་སྐབས་སུ་བོད་རྒྱུད་ནང་བསྟན་དེ་ཕྱུགས་རིགས་སྤོ་འཚོའི་ཚོ་བར་ཁྱབ་སྤེལ་གྱི་ལམ་ཐིག་ཞིབ་འཇུག་བྱེད་པར་དོན་སྙིང་ཆེན་པོ་ལྡན་པར་བརྗོད།
 

གསེར་རྟ་རུ་བོད་ཁུལ་ན་དཀོན་པའི་གནའ་བོའི་ནང་བསྟན་མཆོད་རྟེན་རྙེད་པ།
ཡངས་འགོ་ཡུལ་ཚོའི་གནའ་བོའི་མཁར་ཐོག
 

ཝུན་ཡུས་ཁྲིན་གྱིས་གསེར་རྟ་རུ་རྟོག་ཞིབ་བྱེད་དུས་རྫོང་འདིའི་ཡངས་འགོ་ཡུལ་ཚོར་ད་དུང་ཧ་ལམ་དུས་རབས12ནས13བར་གྱི་གནའ་བོའི་མཁར་ཐོག་དང་། མང་རྒྱལ་རབས་དང་ཆིན་རྒྱལ་རབས་སྐབས་ཀྱི་ནང་བའི་མཆོད་རྟེན་གང་མང་རྙེད།  དེ་མིན་འདིར་སོག་པོ་མི་རིགས་དང་འཐབ་འཛིང་བྱས་པའི་གཏམ་རྒྱུད་ཀྱང་ཡོད་པ་རེད།  འདི་ནི་ཁྱོན་ཤིན་ཏུ་ཆེ་ཞིང་སྡོད་གནས་རང་བཞིན་གྱི་མཁར་ཐོག་ཅིག་ཡིན་པ་དང་། འཛུགས་སྐྲུན་གྱི་ཞབས་སུ་རྡོ་གཅལ་བཏིངས་ཡོད་ལ། སྟེང་རིམ་དུ་རྡོ་ལེབ་དང་བཅས་རྩིག་རྨང་རྡུང་གཅོག་བརྒྱབ་ཡོད་པ་རེད།
 

གསེར་རྟ་རུ་བོད་ཁུལ་ན་དཀོན་པའི་གནའ་བོའི་ནང་བསྟན་མཆོད་རྟེན་རྙེད་པ།
ཡངས་འགོ་ཡུལ་ཚོའི་མང་རྒྱལ་རབས་སྐབས་ཀྱི་ནང་བའི་མཆོད་རྟེན།
 

ཝུན་ཡུས་ཁྲིན་གྱིས“འདི་དག་རྙེད་པ་ལས་གསེར་རྟ་རྫོང་དུ་བོན་ཆོས་ལས་གཞན་ད་དུང་དུས་རབས11པ་ནས་བཟུང་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་འཕེལ་རྒྱས་སུ་བྱུང་ཡོད་པ་བསྟན”ཟེར།
 

  • ལེ་ཚན་སྔོན་མ།:ཧུའུ་ཅིན་ཐའོ་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ15འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོར་ཕེབས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་ཁྱིམ་ཚང་ཁྲི་ཡི་ཞིང་སྡེའི་ཁང་རྙིང་བསྒྱུར་བཅོས་བྱེད་འགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།