རྔ་བ་ཁུལ་སྲིད་གཞུང་དྲ་བ། 2012-03-01
གཅིག་ནི་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བཟོ་འགོད་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་བ། ཁུལ་ཡོངས་ཀྱི་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བཟོ་འགོད་དངོས་སུ་ལག་བསྟར་བྱས་ཤིང་། ནགས་ཚལ་མུའུ་ཁྲི5480ལ་དོ་དམ་སྲུང་སྐྱོང་བྱས་པ་དང་། མུའུ་ཁྲི1.05ལ་མིས་ནགས་འཛུགས་ལེགས་འགྲུབ་བྱས་ལ་ས་མུའུ་ཁྲི1.5ལ་སྡོང་འཛུགས་ཁ་གསབ་དང་། མུའུ་ཁྲི28.8ལ་རི་བཀག་ནགས་གསོ་དང་མུའུ་ཁྲི19.1ལ་ནགས་ཚལ་གསོ་སྐྱོང་བྱས་པ་དང་།
གཉིས་ནི་ཕན་ནུས་ལྡན་པའི་སྒོ་ནས་རྨོ་བསྐྱུར་ནགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་བཏང་བ། ཕན་ནུས་ལྡན་པའི་སྒོ་ནས་མུའུ་ཁྲི69.3ལ་རྨོ་བསྐྱུར་ནགས་སྐྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་མུའུ་ཁྲི11.82ལ་རྨོ་བསྐྱུར་ནགས་སྐྱོང་བྱས་པ་རྒྱལ་ཁབ་ཀྱི་དུས་སྐབས་རང་བཞིན་གྱི་ཞིབ་བཤེར་རྩིས་ལེན་ཐོབ།
གསུམ་ནི་བྱེ་འགོག་བཟོ་འགོད་ལ་ཐོག་མའི་ཕན་འབྲས་བླངས་པ། ལོ་སྔོན་མའི་ནང་མཛོད་དགེ་རྫོང་གིས་རྒྱལ་ཡོངས་བྱེ་འགོག་དཔེ་སྟོན་ས་ཁུལ་གྱི་མུའུ་ཁྲི0.5དང་ཞིང་ཆེན་རིམ་པའི་བྱེ་འགོག་ཚོད་ལྟའི་ཁུལ་མུའུ་ཁྲི1.2ལེགས་འགྲུབ་བྱས།
བཞི་ནི་བརླན་སའི་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བ། 《རྔ་བ་ཁུལ་གྱི་བརླན་སའི་སྲུང་སྐྱོང་ཁྲིམས་སྲོལ》གྱི་ཁྲིམས་འཛུགས་བྱ་བ་ལེགས་འགྲུབ་བྱས་པ་དང་། བརླན་སའི་རང་བྱུང་སྲུང་སྐྱོང་ཁུལ་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་བརླན་སའི་ནུས་པ་སྲུང་སྐྱོང་དང་སླར་གསོ་བྱས།
ལྔ་ནི་རྒྱུན་ལྡན་གྱི་འོས་འགན་སྡོང་འཛུགས་བྱ་འགུལ་གཙིགས་སུ་བཟུང་བ། འོས་འགན་སྡོང་འཛུགས་ལོའི་བྱ་འགུལ་ཨང30བ་རྩ་འཛུགས་བྱས་ཏེ། ཁུལ་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལ་ཞུགས་མཁན་མི་ཁྲི42ལ་སླེབས་ཤིང་། འགན་འཁྲིའི93.8%ལེགས་འགྲུབ་བྱས་ལ། སྡོང་རྐང་ཁྲི173བཙུགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10