2012-03-02
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པས་གཏན་ལ་ཕབ་དོན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་དེ་སྤྱི་ལོ2012ལོའི་ཟླ་བ3པའི་ཚེས3ཉིན་པེ་ཅིན་དུ་འཚོགས་རྒྱུ་དང་། གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་དེ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པ་ཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པར་ཟུར་ཞུགས་བྱ་རྒྱུ་དང་། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་དེ་མིན་འབྲེལ་ཡོད་སྙན་ཞུ་གསན་རྒྱུ་དང་དེར་གྲོས་ཞིབ་བྱ་རྒྱུར་གཏན་འཁེལ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10