ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-03-01
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པ་དེ་ཁག་སོ་སོར་སྤྱི་ཟླ3པའི་ཚེས5ཉིན་དང་སྤྱི་ཟླ3པའི་ཚེས3ཉིན་པེ་ཅིན་དུ་ཚོགས་འགོ་རྩོམ་རྒྱུ་ཡིན་པ་རེད། སྤྱི་ཟླ2པའི་ཚེས26ཉིན་པེ་ཅིན་ནུབ་ཁྲང་ཨན་ལམ་གྱི་བྱང་ངོས་སུ་ཡོད་པའི་མའེ་ཏེ་ཡ་ལྟེ་གནས་སུ་ཡོད་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་དངོས་སུ་ལས་འགོ་བརྩམས་ཡོད་པ་རེད།
གསར་འགྱུར་ལྟེ་གནས་ཀྱི་འགན་འཁུར་མི་སྣས། གསར་འགྱུར་ལྟེ་གནས་ཀྱི་ལས་དོན་ཚོ་ཆུང་ཁག་ལས་གནས་སུ་འབྱོར་ཟིན་པ་དང་། བཅར་འདྲི་ཞུ་ཆོག་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་བཅར་འདྲི་ཞུ་བའི་ལག་འཁྱེར་བཟོ་བཞིན་ཡོད། གསར་འགྱུར་ལྟེ་གནས་ཀྱིས་དུས་ཐོག་ལ་དྲ་བའི་ཐོག་ཏུ་འཐུས་མི་དང་ཨུ་ཡོན་གྱི་སྡོད་གནས་དང་དེ་བཞིན་གསར་འགྱུར་གྱི་འབྲེལ་གཏུགས་མི་སྣའི་འབྲེལ་བ་བྱེད་སྟངས་ཁྱབ་བསྒྲགས་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་གྲོས་ཚོགས་ཀྱི་ཡིག་ཆ་དང་དཔྱད་ཡིག་མཁོ་འདོན་བྱེད་རྒྱུ་དང་། གྲོས་ཚོགས་ཀྱི་གྲོས་རིམ་དང་ལས་རིམ་བཀོད་སྒྲིག་དང་དེ་བཞིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་། གསར་འགོད་པའི་ཚོགས་འདུ། མཉམ་སྡེབ་བཅར་འདྲི། ཚོགས་པ་དང་ཚོ་ཆུང་ལ་སྒོ་འབྱེད་པ་ལ་སོགས་པའི་བཅར་འདྲི་ཞུ་བའི་བྱེད་སྒོའི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10