ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-03-01
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལི་ཁེ་ཆང་གིས་ཀྲུང་ནན་ཧེའི་ཙི་ཀོང་ཚོམ་ཆེན་དུ་ཀྲུང་གོའི་མ་འོངས་པའི་འཐབ་ཇུས་མཉམ་འབྲེལ་ཞིབ་འཇུག་གྲུབ་འབྲས་ཀྱི་ཞིབ་བསྡུར་གྲོས་ཚོགས་ལ་ཞུགས་པའི་འཛམ་གླིང་དདུལ་ཁང་གི་འགོ་འཛིན་ཙོ་ལེ་ཁེ་སོགས་འཛམ་གླིང་དངུལ་ཁང་གི་མཐོ་རིམ་མི་སྣ་དང་། དེ་བཞིན་ལྷོ་ཨ་ཧྥེ་རི་ཁ་དང་། རྒྱ་གར་སོགས་རྒྱལ་ཁབ་ཀྱི་མཐོ་རིམ་དཔོན་རིགས་དང་མཇལ་འཛོམས་གནང་ནས། མིག་སྔའི་རྒྱལ་སྤྱི་རྒྱལ་ནང་གི་དཔལ་འབྱོར་དུས་བབ་དང་བསྒྱུར་བཅོས་གོང་འཕེལ་མཉམ་ལས་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད་པ་རེད།
ལི་ཁེ་ཆང་གིས། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་པ་དང་དེ་རིམ་བཞིན་རྒྱ་ཡན་དུ་ཕྱིན་པ་དེས། མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་གྱི་ལམ་ལུགས་སྒྲིག་གཞི་དང་སྲིད་ཇུས་འདུ་ཤེས། གོང་འཕེལ་གཏོང་སྟངས་སོགས་ཐད་ཀྱི་མི་འདང་བའི་ཆ་མངོན་གྱི་ཡོད་པས། ང་ཚོའི་མདུན་དུ་ཡོད་པ་ནི་ཕྱོགས་རྐྱང་པའི་དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་ཞིག་མིན་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་གོང་འཕེལ་གྱི་ཡང་དག་པའི་ལམ་བུ་འཚོལ་ཞིབ་བྱེད་དགོས་ཀྱི་ཡོད། ཀྲུང་གོས་འཛམ་གླིང་དངུལ་ཁང་དང་རྒྱལ་ཁབ་གཞན་དང་མཉམ་དུ། རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྒྲིག་བསྒྱུར་བཅོས་དང་། ལྷོ་བྱང་གཉིས་ཀྱི་ཧེ་བག་ཆུང་དུ་གཏོང་བར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
ཙོ་ལེ་ཁེས་ཀྲུང་གོའི་ཕྱོགས་དང་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པ་མ་ཟད། ཐུན་མོང་ཐོག་སའི་གོ་ལ་ཧྲིལ་པོའི་དབུལ་སེལ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་རྣམ་པ་བསྟན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10