མགོ་ལོག་དགའ་བདེ་རྫོང་གི་ནམ་ཟླ་ཇེ་དྲོར་སོང་བས་རླུང་ཆེ་ལ་ཁངས་ཁྱེར་ཚད་ཇེ་མགྱོགས་སུ་སོང་།
མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-02-28
ཁ་དབུགས་གྲང་མོ་ཤར་དུ་སོང་བ་དང་བསྟུན་ནས་ཁངས་གནོད་ཚབས་ཆེན་གྱིས་ཉིན་ཉེར་བརྒྱད་རིང་དུ་གནོད་པ་བཟོས་པའི་མགོ་ལོག་ཁུལ་དགའ་བདེ་རྫོང་གི་ཁངས་ཁྱེར་ཚད་ཇེ་མགྱོགས་སུ་སོང་ལ། ས་ཁུལ་ཁ་ཤས་ནས་ཁངས་ཕྱེད་ཙམ་ཁྱེར་ཟིན།
ཟླ2པའི་ཚེས23ཉིན་ནས་བཟུང་མགོ་ལོག་ཁུལ་དགའ་བདེ་རྫོང་དུ་བསྟུད་མར་ཉིན་གསུམ་རིང་དུ་སྤྲིན་མང་བར་གྱུར་བ་དང་དྲོད་ཚད་ཀྱང་ཇེ་མཐོ་རུ་སོང་། དྲོད་ཚད་བསྟུད་མར་ཇེ་མཐོར་སོང་བས་དགའ་བདེ་རྫོང་གི་ཁང་ཁྱེར་ཚད་ཇེ་མགྱོགས་སུ་སོང་། ཚེས25ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་བར་དུ་དགའ་བདེ་རྫོང་གི་ཁངས་མཐུག་ཚད་ལིས་མུས་བཞི་རུ་མར་བབས། འདི་ནི་ཟླ2པའི་ཚེས17ཉིན་གྱི་ཚུན་ལ་ཁངས་ཁྱེར་ནས་ལིས་མུས་ལྔ་མན་དུ་ཐོག་མར་སོང་བ་རེད། དེ་དང་མཉམ་དུ་ཉིན་འགའི་རིང་དུ་དགའ་བདེ་རྫོང་དུ་རླུང་བུ་ལྡིང་བས་ཁངས་ཁྱེར་བར་ཕན་པ་བྱུང་།
ད་སྔ་ས་དེའི་སྲིད་གཞུང་དང་གནམ་གཤིས་ལས་ཁུངས་ཀྱིས་གནམ་ཟླའི་འགྱུར་བར་དོ་སྣང་ཟབ་མོ་བྱས་ཤིང་། ནམ་ཟླ་ལེགས་པོར་རྟེན་ནས་ས་འདེད་འཕྲུལ་འཁོར་དང་ས་རྐོ་འཕྲུལ་འཁོར་སོགས་འཕྲུལ་འཁོར་ཆེ་རིགས་སྤྱད་ནས་གཞུང་ལམ་སྟེང་གི་ཁངས་གཞབ་ཏེ་གནོད་སེལ་བྱ་བར་སྟབས་བདེ་བཟོས། ལོ་ཙཱ། གཡང་ཁོ་ཚེ་རིང་།