བོད་ཀྱི་རྩོམ་རིག་དྲ་བ། 2012-02-29
མཉམ་གནས་དང་མང་གཙོ་ཡི་རྣམ་པས་ཁེངས་པའི་ཀུན་རུང་གུ་ཡངས་གླེང་སྟེགས་ཀྱིས་ཚོགས་མི་རྣམ་པའི་གདོང་ལ་འཛུམ་མདངས་རྒྱས་སུ་བཅུག་པ།
བོད་ཀྱི་གླུ་མ་གྲགས་ཅན་ནམ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་མི་རིག་འཛིན་སྒྲོལ་མ་ལགས་ཀྱིས༼བོད་ཡིག་སློབ་ཁྲིད་དང་ཡུལ་སྐད་ཤེས་པའི་དགེ་རྒན་གྱི་དགོས་མཁོ༽ཞེས་པའི་དཔྱད་གཏམ་སྤེལ་བཞིན་པ།
ཚོགས་འདུའི་ངོ་སྤྲོད་མདོར་བསྡུས།
མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་ལྗོངས་ཞིང་ལྔའི་སློབ་ཆུང་རིམ་པའི་བོད་ཡིག་སློབ་དེབ་ཀྱི་ཁྱད་ཆོས་དང་དགེ་མཚན། སྐྱོན་ཆའམ་མི་འདང་ས་བཅས་ལ་དབྱེ་ཞིབ་རྟོག་དཔྱོད་བྱེད་པ་དང་། ཡུལ་ཕྱོགས་སོ་སོའི་སློབ་གསོ་བ་དང་སྐད་ཡིག་མཁན་པོ། སྐད་ཡིག་དགེ་རྒན་བཅས་ནས་སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་ཐད་ལྟ་ཚུལ་དང་བསམ་འཆར་ག་འདྲ་ཡོད་པ་བཅས་ལ་དཔྱད་གླེང་སྤེལ་སྟེ། རྗེས་རབས་པ་རྣམ་པས་སློབ་ཆུང་རིམ་པའི་སྐད་ཡིག་རྨང་གཞི་ལེགས་པོ་ཆགས་པར་ཐབས་ལམ་གསར་པ་ཞིག་འཚོལ་བའི་ཆེད་དུ་ད་རེབ་མདོ་དབུས་ཁམས་གསུམ་གྱི་སློབ་གསོའི་ཆེད་མཁས་ལྷན་འཛོམ་གྱི་དཔྱད་གླེང་ཚོགས་འདུ་འདི་ཉིད་བསྡུས་པ་ཡིན། སྐབས་འདིར་ཕེབས་འབྱོར་བྱུང་བའི་སྐུ་མགྲོན་ལ། ལྗོངས་ཞིང་ལྔ་ནས་ཕེབས་པའི་དགེ་རྒན་ཆེན་མོ་བ་དང་། གཞི་རིམ་གྱི་སློབ་གསོ་བ། སྤྱི་ཚོགས་ཚོགས་པའི་མི་སྣ། གསར་འགོད་པ་སོགས་ཞུགས་ཡོད། བོད་སྐད་ཡིག་གི་མ་འོངས་པའི་ཤེས་རིག་གོང་ནས་གོང་དུ་འཕེལ་བར་ཚང་མས་དཔྱད་གླེང་བརྒྱུད་དེ་གྲོས་གཞི་གང་ལེགས་ཤིག་འདོན་རྒྱུ་དེ་བོད་རིགས་ཞིབ་འཇུག་ཚོགས་པའི་རེ་བ་ཉག་ཅིག་ཡིན་ནོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10