མཚོ་སྔོན་པོ་དྲ་བ། 2012-02-23
ཟླ2པའི་ཚེས20ཉིན་བཟུང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁུལ་སོ་སོས་མང་ཚོགས་སྒྱུ་རྩལ་བྱ་འགུལ་སྣ་ཚོགས་སྤེལ་ནས་བོད་ཀྱི་ལོ་གསར་བསུ་བར་གྲ་སྒྲིག་བྱེད་བཞིན་ཡོད།
དཀར་མཛེས་ཁུལ་ལ“གླུ་གར་གྱི་རྒྱ་མཚོ”ཞེས་པའི་མཚན་སྙན་གསོལ་ཡོད་ཅིང་། རིག་རྩལ་བྱ་འགུལ་ནི་ཡུལ་དེ་གའི་མང་ཚོགས་ཀྱིས་བོད་ལུགས་ལོ་གསར་བསུ་བའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།
ཟླ2པའི་ཚེས22ཉིན་ནི་བོད་ལུགས་ཀྱི་ལོ་གསར་ཚེས་གཅིག་ཉིན་ཡིན་ཞིང་། ཉིན་འདིར་དར་རྩེ་མདོ་དང་། རོང་བྲག ཕྱག་ཕྲེང་སོགས་རྫོང་སོ་སོས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་ཞབས་བྲོའི་འཁྲབ་སྟོན་སྣ་ཚོགས་བྱེད་རྒྱུ་ཡིན་པས། ཡུལ་སོ་སོའི་མང་ཚོགས་ཀྱིས་རང་ཡུལ་དུ་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པ་ལོངས་སུ་སྤྱོད་ཐུབ་པ་རེད། དེར་མ་ཟད་ཁུལ་གླུ་གར་ཚོགས་པ་གཙོ་བྱས་པའི་རིག་གནས་ལས་ཁུངས་རྣམས་ཀྱིས་རིག་རྩལ་རུ་ཁག་དུ་མ་རྩ་འཛུགས་བྱས་ཏེ་ཞང་གྲོང་དུ་རིག་གནས་སྤེལ་བའི་བྱ་འགུལ་སྣ་ཚོགས་བསྡུ་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10