གོང་པོ་ས་ཁུལ་གྱི་གསོན་ཉམས་ལྡན་པའི་འཁྲབ་སྟོན།

        2012-02-24

གོང་པོ་ས་ཁུལ་གྱི་གསོན་ཉམས་ལྡན་པའི་འཁྲབ་སྟོན།
བོད་ལྗོངས་གོང་པོ་སྣང་རྫོང་སྐྱེམ་སྟོང་ས་ཁུལ་ལ་བོད་ཀྱི་ཤར་ལྷོ་ས་ཁུལ་གྱི“འོད་དུ་འཚེར་བའི་མུ་ཏིག”ཅེས་གྲགས་ཡོད། དག་གཙང་གི་སྣང་རྫོང་གངས་རི་དང་ལྷ་ཐོག་མཚོ་མོས་ས་དེ་གའི་ལས་ལ་བརྩོན་པའི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་གཤིས་ཀ་སྦྲུམ་ཡོད། དེ་མིན་ད་དུང་གནས་དེ་ནི་གླུ་གར་གྱི་རྒྱ་མཚོ་ཞིག་ཀྱང་ཡིན་ལ། ངག་རྒྱུན་ལས་འཕྲོས་པ་ལྟར་ན་ས་དེ་གར་ད་དུང་སྔོན་ཆད་རྒྱ་བཟའ་གོང་ཇོས་ཤུལ་དུ་བཞག་པའི་ལྐོག་གྱུར་གྱི་རོལ་དབྱངས་ཕྱོགས་བསྡུས་དུས་དེབ་ཞིག་ཡོད་པ་དེ་ནི་ད་ལྟའི་བར་དུའང་ལག་ལེན་དང་བརྒྱུད་སྤྲོད་ཀྱི་སྲོལ་ཉམས་མེད་པས་ཁོ་ཚོའི་རོལ་དབྱངས་ལ་གཞན་དང་མི་མཐུན་པའི་གསོན་ཉམས་ཤིག་ལྡན།

ད་ལོའི་བོད་ལྗོངས་ལོ་སར་སྤྲོ་ཚོགས་སྟེང་གོང་པོ་སྣང་རྫོང་སྐྱེམ་སྟོང་ས་ཁུལ་གྱི་མང་ཚོགས་དྲུག་ཅུ་རེ་གཉིས་ཀྱིས་གྲུབ་པའི་འཁྲབ་སྟོན་རུ་ཁག་ཞིག་གིས་ཀྱང་ས་དེ་གའི་སྲོལ་རྒྱུན་གྱི་བྲོ་བ་མ་ཉམས་པའི“གཡུ་མཚོའི་པད་སྔོན”ཞེས་པའི་ཞབས་བྲོ་ཞིག་འཁྲབ་ཡོད་པས་ཚང་མས་རེ་སྒུག་བྱེད་བཞིན་ཡོད།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱིས་བོད་ཆུ་ཕོ་འབྲུག་ལོའི་ལོ་གསར་བསུ་བ།
  • ལེ་ཚན་རྗེས་མ།:དབུས་ལམ་གྱི་ཉི་མ་སྐབས14པའི་རྡུའུ་ཝེལ་གློག་བརྙན་དུས་སྟོན་དུ་ཚུད་པ།
  • དོ་སྣང་ཆེ་བའི་རྩོམ།