དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 17 ཉིན་དང་། རེས་གཟའ་ཕུར་བུ་ཡིན།

རྔ་བ་ཁུལ་གྱིས་བོད་ལུགས་ལོ་སར་བསུ་བའི་སྤྲོ་ཚོགས་བྱ་འགུལ་སྤེལ་བ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    རྔ་བ་ཁུལ་སྲིད་གཞུང་དྲ་བ།    2012-02-23

རྔ་བ་ཁུལ་གྱིས་བོད་ལུགས་ལོ་སར་བསུ་བའི་སྤྲོ་ཚོགས་བྱ་འགུལ་སྤེལ་བ།
ཟླ2པའི་ཚེས21ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མི་རིགས་རིག་གནས་ཕོ་བྲང་གི་ཐང་ཆེན་དུ་རིགས་སོ་སོའི་མང་ཚོགས་ཀྱིས་ལུས་ལ་དུས་ཆེན་གྱི་གཟབ་གོས་གྱོན་ཏེ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་འབར་ཁམས་ས་ཁུལ་གྱི2012ལོའི་བོད་ཆུ་ཕོ་འབྲུག་ལོའི་ལོ་སར་བསུ་བའི་སྤྲོ་ཚོགས་ལ་ཞུགས།

    ཁུལ་ཏང་ཨུའི་ཧྲུའུ་ཅིའམ་ཁུལ་དཔོན་ཝུའུ་ཙིག་ཀང་སྤྲོ་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཀུའུ་ཡུང་ལུང་གིས་སྤྲོ་ཚོགས་བྱ་འགུལ་ལ་འགོ་འཛིན་བྱས། ཁུལ་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་ཝང་ཧུའུ་ཡའོ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དབྱང་ཁུ་ཉིན། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཁྲིན་ཞན་བཅས་སྤྲོ་ཚོགས་ལ་ཞུགས།

    ཝུའུ་ཙིག་ཀང་གིས་ཁུལ་ཏང་ཨུ་དང་ཁུལ་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། རྔ་བ་ཡན་ལག་དམག་ཁུལ་གྱི་ཚབ་བྱས་ཏེ་ཁུལ་ཡོངས་ཀྱི་བོད་རིགས་སྤུན་ཟླ་དང་རིགས་སོ་སོའི་མི་དམངས་ལ་ལོ་སར་གྱི་འཚམས་འདྲི་དང་ལྷག་བསམ་དག་པའི་སྨོན་འདུས་ཞུས།

    སྤྲོ་ཚོགས་ཡུལ་དངོས་སུ་ཁུལ་མི་རིགས་གླུ་གར་ཚོགས་པ་དང་རྒྱ་རོང་གདོད་མའི་སྐོར་བྲོ་མཐུན་ཚོགས། རྒྱ་རོང་སྐོར་བྲོ་རྒྱུད་སྒྲོག་ལྟེ་གནས། འབར་ཁམས་རྫོང་སློབ་འབྲིང་དང་རྔ་བ་ཡན་ལག་དམག་ཁུལ། དྲག་ཆས་ཉེན་རྟོག་དམག་དཔུང་རྔ་བ་ཡན་ལག་རུ་ཁག་བཅས་ཀྱིས《ཡང་བསྐྱར་ཏང་ལ་བསྟོད་གླུ་ལེན》ཞེས་པ་དང་། 《དཔྱིད་ཀའི་ཁ་བ》དང《མཆོང་རྒྱུག》སོགས་ཀྱི་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་པར་རྒྱ་ཆེ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ།


 

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་གྱིས་བོད་ཆུ་འབྲུག་ལོའི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་མཛད་སྒོ་ཚོགས་པ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱིས་བོད་ཆུ་ཕོ་འབྲུག་ལོའི་ལོ་གསར་བསུ་བ།
  • དོ་སྣང་ཆེ་བའི་རྩོམ།