ལྷ་ས་གྲོང་ཁྱེར་གྱིས་བོད་ཆུ་འབྲུག་ལོའི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་མཛད་སྒོ་ཚོགས་པ།

    བོད་ལྗོངས་རླུང་འཕྲིན།    2012-02-23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས19ཉིན་གྱི་ཕྱི་དྲོ། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་བོད་ཆུ་འབྲུག་ལོའི་ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་མཛད་སྒོ་འཚོགས་པ་དང་གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་མཉམ་འཛོམས་བྱས་ནས། ལོ་ལེགས་ཀྱི་བདེ་སྐྱིད་ལོངས་སྤྱོད་དང་མཛའ་མཐུན་ཟབ་མོ་གླེང་བ། ཕན་ཚུན་སྨོན་འདུན་ཞུ་བ། མཛེས་སྡུག་ལྡན་པའི་མ་འོངས་པ་གླེང་བ་བཅས་བྱས་ཏེ། བོད་ཀྱི་ལོ་གསར་ལ་བསུ་བ་ཞུས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཆེ་དགྲ་ལྷ་ལྷན་འཛོམས་རྟེན་འབྲེལ་མཛད་སྒོར་ཕེབས་པ་མ་ཟད་ཤིས་ཚིགས་ཀྱང་གསུངས་པ་རེད།  །

  • ལེ་ཚན་སྔོན་མ།:མིན་ཡོན་རྫོང་གིས་སྐྱེ་ཁམས་རྩྭ་ཐང་ཁ་གསབ་གཟེངས་བསྟོད་ཀྱི་ལམ་ལུགས་ལག་བསྟར་བྱས་པ།
  • ལེ་ཚན་རྗེས་མ།:རྔ་བ་ཁུལ་གྱིས་བོད་ལུགས་ལོ་སར་བསུ་བའི་སྤྲོ་ཚོགས་བྱ་འགུལ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།