རིག་འཛིན་ཚེ་རིང་། མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-02-22
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མིན་ཡོན་རྫོང་གིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁ་གསབ་གཟེངས་བསྟོད་སྲིད་ཇུས་ལ་ཚད་མཐོན་པོས་གདེང་འཇོག་བྱེད་ཀྱིན་ཡོད། རྩ་འཛུགས་ལས་ཁུངས་འཐུས་ཚང་དུ་བཏང་བ་དང་ཇུས་འགོད་འཐུས་ཚང་ཞིག་བསྒྲིགས་བཟོ། བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་དང་མང་ཚོགས་རང་འགུལ་གྱིས་སྲིད་ཇུས་ལག་བསྟར་བྱ་བའི་ཁྲོད་ཞུགས་སུ་འཇུག་པ་བཅས་བྱས་ཏེ་ཕྱུགས་ལས་ཀྱི་ཕན་འབྲས་དང་འབྲོག་མིའི་ཡོང་སྒོ་འཕར་བར་སྐུལ་འདེད་བཏང་། བསྡོམས་རྩིས་བྱས་པ་ལྟར་ན། རྫོང་ཡོངས་ཀྱི་རྩྭ་ས་དང་ཕྱུགས་རིགས་དོ་མཉམ་ཡིན་པའི་རྒྱ་ཁྱོན་ལ་མུའུ་ས་ཡ་དྲུག་དང་འབུམ་གཉིས་ཁྲི་གཅིག་སྟོང་ལྔ་སུམ་བརྒྱ་ཡོད་པ་དང་དེར་བྱ་དགའ་སྒོར་ས་ཡ་དགུ་འབུམ་གསུམ་ཁྲི་གསུམ་བྱིན། གཟན་རྩྭ་བཏབ་པར་མུའུ་འབུམ་གཅིག་ཁྲི་བཞི་སྟོང་དྲུག་ཡོད་ལ་དེར་བྱ་དགའ་སྒོར་ས་ཡ་གཉིས་འབུམ་དགུ་ཁྲི་དྲུག་བྱིན། འབྲོག་མིའི་ཐོན་སྐྱེད་རྒྱུ་ཆ་ཁ་གསབ་ཀྱི་ཁྱིམ་གྲངས་ཉིས་སྟོང་བཞི་བརྒྱ་རེ་བཞི་ཡིན་ལ་ཁ་གསབ་མ་དངུལ་སྒོར་ས་ཡ་གཅིག་འབུམ་གཉིས་ཁྲི་གསུམ་བྱིན།
རྒྱལ་ཁབ་ཀྱི་སྲིད་ཇུས་ཇི་མ་ཇི་བཞིན་དུ་དངོས་འབེབ་ཡོང་བར་ཁག་ཐེག་བྱེད་ཆེད། མིན་ཡོན་རྫོང་གིས་ལས་བསྒྲིགས་འཛུགས་དང་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་སྲིད་ཇུས་ལག་བསྟར་དངོས་འབེབ་ཀྱི་གནས་ཚུལ་ལ་ཞིབ་བཤེར་དང་ལྟ་སྐུལ་བྱས། ས་གནས་སོ་སོར་སོང་ནས་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེན་པོ་བྱས་པ་དང་། དོན་དངོས་དང་འབྲེལ་ནས་མིན་ཡོན་རྫོང་གི་སྐྱེ་ཁམས་རྩྭ་ཐང་ཁ་གསབ་གཟེངས་བསྟོད་ཀྱི་ལམ་ལུགས་ཇུས་གཞི་བསྒྲིགས་བཟོ་བྱས་ཏེ་འགྲེམ་སྤེལ་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10