ཚེ་རིང་རྒྱ་མཚོས་བསྒྱུར། ཞིན་ཧྭ་དྲ་བ། 2012-02-22
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཚིགས་པ་ནས་བཟུང་། ཡུན་ནན་ཞིང་ཆེན་དུ་བསྟུད་མར་ལོ་གསུམ་རིང་ལ་ཐན་སྐྱོན་བྱུང་བའི་རྣམ་པ་ད་དུང་མུ་མཐུད་དུ་འབྱུང་བཞིན་ཡོད། ཡུན་ནན་ཞིང་ཆེན་དམངས་སྲིད་ཐིན་གྱིས་སྤེལ་བའི་སྙན་ཞུ་ལྟར་ན། ཟླ2པའི་ཚེས16ཉིན། ཐན་སྐྱོན་གྱི་གནོད་འཚེ་ཡིས་ཡུན་ནན་ཞིང་ཆེན་གྱི་ཧྲའོ་ཐོན་དང་། ཆུའུ་ཅིན། ཁོན་མིན། ཁྲའོ་ཞོན་སོགས་ཁུལ13དང་རྫོང91གི་མང་ཚོགས་ཁྲི631.83ལ་གནོད་འཚེ་ཐེབས་ཡོད་པ་དང་། མང་ཚོགས་ཁྲི242.76ལ་ཚད་རིམ་མི་འདྲ་བའར་འཐུང་ཆུ་ལ་དཀའ་ཁག་བྱུང་། གནོད་འཚེ་ལས་ཞིང་ཆེན་ཡོངས་སུ་རོགས་སྐྱོར་བྱེད་དགོས་པའི་མི་གྲངས་ཁྲི231.38ལ་སླེབས་ཡོད་པ་དང་། ཞིང་ཆེན་ཡོངས་སུ་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར23.42ཐེབས། དེའི་ནང་ཞིང་ལས་ཐད་ཀྱི་གྱོང་གུན་སྒོར་དུང་ཕྱུར22.13ཟིན། ཉིན་རེར་འཕར་བཞིན་པའི་ཐན་སྐྱོན་གནོད་འཚེ་ལ་དམིགས་ཏེ། ཟླ2པའི་ཚེས17ཉིན། རྒྱལ་ཁབ་གནོད་འགོག་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་དམངས་སྲིད་པུའུ་ཡིས་རྒྱལ་ཁབ་རིམ་པ་བཞི་བའི་གནོད་སྐྱོབ་བབ་བསྟུན་བྱེད་ཐབས་ལག་བསྟར་བྱས་ཏེ། ལས་བྱེད་ཚན་ཆུང་གནོད་ཐེབས་ས་ཁུལ་ལ་མངགས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10