མཚོ་སྔོན་པོ་དྲ་བ། 2012-02-14
གཞོན་པ་འདིས་དཀར་ངོགས་ལ་བཞག་པའི་《སེམས་ཀྱི་འཕར་སྒྲ།》དང《ཕོ་བྲང་དམར་པོའི་རྒྱལ་ཁམས》སོགས་ནི་ཁོས་མི་ཡུལ་ལ་བྱིན་པའི་ཟས་རིན་ཡིན་ཞིང་།ཐེངས་འདིར་ཡང་ཚོར་འདུ་ལྕི་མོ་དང་།སེམས་ཁམས་སྐྱོ་བར་ནས་མི་ཡུལ་ལ་ཐོན་པའི་དེབ་གསར《གངས་དང་སྨུག་པ།》《གཞོན་རབས་པའི་ལམ》གཉིས་ནི་ན་གཞོན་རྩོམ་པ་པོ་གངས་ཤར་གྱིས་བརྩམས་པའི་དཔེ་ཚོགས་ལས་གསར་དུ་ཐོན་ལ་ཉེ་བའི་དཔེ་དེབ་གཉིས་ཡིན་ལ།རྩོམ་པ་པོའི་སེམས་འདུན་དང་དམིགས་འབེན་དམར་རྗེན་དུ་བུད་ཡོད་པའི་མི་སྐད་ཀྱི་རྫོང་ཆེན་ཞིག་ཡིན་པས་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་འདང་རྒྱག་དང་ཚོར་འདུ་ཞིག་སྟེར་ངེས་ཡིན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10