ཝུན་ཅ་པའོ་ཡིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་མཇལ་འཕྲད་གནང་བ།

        2012-02-14

ཝུན་ཅ་པའོ་ཡིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་མཇལ་འཕྲད་གནང་བ།

ཝུན་ཅ་པའོ་ཡིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སོགས་ཆོས་ལུགས་མི་སྣ་དང་གླེང་མོལ་གནང་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་ནས་འབྱོར་བའི་གློག་འཕྲིན། ཟླ་ 2ཚེས10ཉིན་ ཀྲུང་ གུང་ ཀྲུང་ དབྱང་ ཆབ་ སྲིད་ ཅུས་ ཀྱི་ རྒྱུན་ ལས་ ཨུ་ ཡོན་ དང་ རྒྱལ་ སྲིད་ སྤྱི་ ཁྱབ་ ཁང་ གི་ ཙུང་ ལི་ ཝུན་ ཅ་ པའོ་ ཡིས་ པེ་ ཅིང་ ཀྲུང་ ནན་ ཧའེ་ ཙི་ ཀོང་ ཀེ་ རུ་ པཎ་ ཆེན་
སྐུ་ ཕྲེང་ བཅུ་ གཅིག་ པ་ ཆོས་ ཀྱི་ རྒྱལ་ པོ་ མཆོག་ ལ་ མཇལ་ འཕྲད་ གནང་ བ་ དང་ ཆབས་ ཅིག་ ཏུ་ བོད་ བརྒྱུད་ ནང་ བསྟན་ ལས་ རིགས་ ཀྱི་ གྲོགས་ པོ་ དང་ རྒྱ་ ཆེའི་ བོད་ རིགས་ སྤུན་ ཟླ་ ཡོངས་ ལ་ ལོ་ སར་ གྱི་ འཚམས་ འདྲི་ གནང་། 
 ཝུན་ ཅ་ པའོ་ ཡིས་ པཎ་ ཆེན་ གྱི་ སློབ་ སྦྱོང་ དང་ འཚོ་ བའི་ ཐད་ ཀྱི་ སྙན་ སེང་ ནན་ ཏན་ ངང་ གསན་ པ་ དང་ །  པཎ་ ཆེན་ སྐུ་ ཕྲེང་ བཅུ་ གཅིག་ པ་ མཆོག་ ཁྲི་ འདོན་ བྱས་ ནས་ ལོ་ བཅུ་ བདུན་ སོན་ པའི་ ནང་ ཐོས་ བསམ་ སྒོམ་ གསུམ་ ལ་་མཁྱེན་སྩོལ་གནང་ཞིང་ནང་རིག་གི་མཁྱེན་རྒྱ་ཉིན་བཞིན་ཆེ་རུ་ཕྱིན་པ་དང་།རིག་ གནས་ ཆུ་ ཚད་ མཐོ་ རུ་ ཕྱིན་ པ།  ཐུགས་སྤྱོད་རྣམ་ པར་ དག་ པ།  མི་ དང་ བྱ་ བར་ ཁེངས་ སྐྱུང་ གཤིས་ བཟང་ གི་ ངང་ ཚུལ་ བཟུང་ བ་ བཅས་ བོད་ བརྒྱུད་ ནང་ བསྟན་ གྱི་ སྤྲུལ་ སྐུ་ ཆེན་ པོ་ ཞིག་ གི་ ཉམས་ འགྱུར་ བཟང་ པོ་ མངོན་ པར་ བྱས་ ཡོད་ པས་ བདག་ ལ་ སྤྲོ་ བ་ ཚད་ མེད་ སྐྱེ་ ཡོད་ ཅེས་ གསུངས། 
  མཇུག་ མཐར་ ཝུན་ ཅ་ པའོ་ ཡིས་ པཎ་ ཆེན་ སྐུ་ ཕྲེང་ བཅུ་ གཅིག་ པར་ རེ་ དགོངས་ འདུན་གསུམ་ བཏོན་ པ་ སྟེ།  གཅིག་ ནི་ མུ་ མཐུད་ དུ་
སློབ་ སྦྱོང་ ལ་ ཤུགས་ སྣོན་ རྒྱག་ དགོས་ པ་ སྟེ་ ནང་ བསྟན་ གྱི་ གསུང་ རབ་ སློབ་ སྦྱོང་ བྱེད་ པ་ དང་ སྦྲགས་ ད་ དུང་ ལོ་ རྒྱུས་ ལ་སློབ་སྦྱོང་དང་ ། 
མང་ ཚོགས་ལ་སློབ་སྦྱོང་།ལག་ ལེན་ སློབ་ སྦྱོང་ བཅས་བྱས་ ཏེ་ རང་ ཉིད་ ཀྱི་ ཡོན་ ཚན་ རྒྱུན་ ཆད་ མེད་ པར་ མཐོ་ རུ་ གཏོང་ དགོས།  གཉིས་ ནི་ བསྟན་ དོན་ གྱི་ འགྲེལ་ པར་ ཞིབ་ འཇུག་ གཏིང་ ཟབ་ བྱས་ ཏེ་ བོད་ བརྒྱུད་ ནང་ བསྟན་ གྱི་ བསྟན་ དོན་ ཁྲོད་ ཀྱི་ དགེ་ མཚན་ ལྡན་ པའི་ བསམ་ བློ་སྔོག་ འདོན་ བྱས་ ཏེ་ གྲྭ་ དམངས་ རྣམས་ ལ་ རྒྱལ་ གཅེས་ ཁྲིམས་ སྲུང་ དང་ སྡོམ་ པ་ ཡག་ པོ་ སྲུང་ དགོས་ པའི་ སློབ་ སྟོན་ གནང་ དགོས། 
གསུམ་ ནི་ ཁུར་ པོ་ ལྕི་ པོ་ འཁུར་ ཕོད་ པ་ བྱས་ ཏེ་ མེས་ རྒྱལ་ གཅིག་ གྱུར་ དང་ མི་ རིགས་ མཐུན་ སྒྲིལ་ གྱི་ ལས་ ལ་ དགེ་ མཚན་ ལྡན་ པའི་ནུས་ པ་ འདོན་ དགོས་ བཅས་ སོ།   
 
 

  • ལེ་ཚན་སྔོན་མ།:གངས་ཤར་གྱི་བརྩམས་ཆོས་གསར་བ་འགྲེམ་སྤེལ་བྱེད་ལ་ཉེ་བ།
  • ལེ་ཚན་རྗེས་མ།:སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་ལྷན་ཐབས།
  • དོ་སྣང་ཆེ་བའི་རྩོམ།