བོད་ཀྱི་ལོ་སར་སྐབས་སུ་སི་ཁྲོན་བོད་ཁུལ་གྱི་རིག་གནས་བྱ་འགུལ་ཕུན་སུམ་ཚོགས་པ་རེད།

    རྔ་བ་ཉིན་རེའི་ཚགས་པར།    2012-02-14

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ2བའི་ཚེས6ཉིན་སི་ཁྲོན་ཞིང་ཆེན་རིག་གནས་ཐིན་ནས་རྒྱུས་ལོན་པ་ལྟར་ན། སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་མི་དམངས་རྣམས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བོད་རིགས་མང་ཚོགས་རྣམས་ལ་དགའ་དགའ་སྤྲོ་སྤྲོའི་ངང་གནམ་ལོ་གསར་བ་རོལ་ཏུ་འཇུག་ཆེད། སི་ཁྲོན་ཞིང་ཆེན་ཀྱིས་རིག་གནས་བྱ་འགུལ་སྣ་ཚོགས་དང་། “གཞི་རིམ་དུ་སྐྱོད་པ་གསུམ”ཐང་ཆེན་དུ་སྤེལ་བའི་མང་ཚོགས་རིག་གནས་བྱ་འགུལ་བཅས་བོད་ཀྱི་ལོ་སར་ལ་ཆེད་དུ་གྲ་སྒྲིག་བྱས་པའི་རིག་གནས་བྱ་འགུལ་སྣ་ཚོགས། ཟླ2པའི་ཚེས22ཉིན་ཏེ། 2012ལོའི་བོད་ཀྱི་ལོ་སར་སྐབས་སུ་དུས་ཡུན་ཟླ་ཕྱེད་ཙམ་ལ་སྤེལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཁག8ཁ་སྣོན་བྱས
  • ལེ་ཚན་རྗེས་མ།:གངས་ཤར་གྱི་བརྩམས་ཆོས་གསར་བ་འགྲེམ་སྤེལ་བྱེད་ལ་ཉེ་བ།
  • དོ་སྣང་ཆེ་བའི་རྩོམ།