མཚོ་སྔོན་པོ་དྲ་བ། 2012-02-14
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས《ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྐབས་བདུན་པའི་རིག་དངོས་སྲུང་སྐྱོང་སྡེ་ཁག་དྲིལ་སྒྲོག》ཞེས་པ་བཀྲམ་སྟེ་སྐབས་བདུན་པའི་རིག་དངོས་སྲུང་སྐྱོང་སྡེ་ཁག116ཁྱབ་སྒྲོག་བྱས་ཤིང་། དེའི་ཁྲོད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས8འདུས་པ་དང་། ད་ལྟའི་བར་དུ་ཀན་ལྷོ་ཁུལ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཁག་ཁ་སྣོན་བྱས་ཏེ་སྡེ་ཁག25ལ་བུད་ཡོད།
ཐེངས་འདིར་ཁྱབ་སྒྲོག་བྱས་པའི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཁག་ཁྲོད། གནས་ཤུལ3དང་། གནའ་བོའི་དུར་ཁྲོད1། གནའི་འཛུགས་སྐྲུན2། ཉེ་རབས་དང་དེང་རབས་ལོ་རྒྱུས་ཤུལ་བཞག་གལ་ཆེན་དང་མཚོན་བྱེད་རང་བཞིན་གྱི་འཛུགས་སྐྲུན1སོགས་འདུས་ཤིང་། འདིས་ཀན་ལྷོ་ཁུལ་གྱི་ཐེངས་གསུམ་པའི་རིག་དངོས་ཞིབ་བཤེར་གྲུབ་འབྲས་མངོན་པར་མཚོན་པ་དང་། དེའི་ཁྲོད་གསར་རྙེད་རིག་དངོས་ཀྱིས་སྤྱིའི་གྲངས་འབོར་ལས་བཞི་ཆའི་གཅིག་ཟིན། ཐོ་ཀྲིག་མཁར་གྱང་སོགས་རིག་གནས་ལམ་ཐིག་དང་། བཟོ་ལས་ཤུལ་བཞག ཞིང་གྲོང་འཛུགས་སྐྲུན་སོགས་གསར་བྱུང་རིགས་ཀྱི་རིག་གནས་ཤུལ་བཞག་དག་ཐོག་དང་པོར་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད་པ་རེད།
ད་སྔ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་རྫོང་སོ་སོས་བསྟུད་མར་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག296ཁྱབ་སྒྲོག་བྱས་ཤིང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་རིག་དངོས་སྲུང་སྐྱོང་སྡེ་ཁག་སྤྱི་གྲངས་དེ324ལ་བུད་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10