བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་འགྲེམ་སྟོན་སྟེགས་བུ་བེད་སྤྱད་དེ་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་།

    བོད་ལྗོངས་རླུང་འཕྲིན།    2012-02-14

བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་འགྲེམ་སྟོན་སྟེགས་བུ་བེད་སྤྱད་དེ་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་།

2010ལོའི་རྒྱལ་ནང་གནས་སྐོར་བརྗེ་རེས་ཚོགས་འདུ་སྟེང་གི་བོད་རང་སྐྱོང་ལྗོངས་ཀྱི་འགྲེམ་སྟོན་སྟེགས་བུ།བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་འགྲེམ་སྟོན་སྟེགས་བུ་བེད་སྤྱད་དེ་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་།
 

2012ལོའི་རྒྱལ་ནང་གནས་སྐོར་བརྗེ་རེས་ཚོགས་འདུ་སྟེང་གི་བོད་ལྗོངས་འཐུས་ཚབ་པའི་འགྲེམ་སྟོན་སྟེགས་བུ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་ཆེད། ད་ལོར་བོད་ལྗོངས་ཀྱིས་གནས་སྐོར་ལས་རིགས་མུ་མཐུད་དུ་རྒྱ་བསྐྱེད། རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་བོད་ལྗོངས་ཡུལ་སྐོར་ཅུའུ་རྒྱལ་ཁབ་གནས་སྐོར་ཅུའུ་ཡི་མགོ་ཁྲིད་དེ། འཇར་མན་དང་འཇར་པན། དབྱིན་ཇི། ཧྥ་རན་སི། ཨ་མེ་རི་རི་ཁ་སོགས་རྒྱལ་ཁབ་བརྒྱད་ཙམ་གྱི་གནས་སྐོར་འགྲེམ་སྟོན་ཚོགས་འདུ་ལ་ཞུགས་པ་དང་འགྲུལ་བ་མང་པོར་བོད་ལྗོངས་ཡུལ་སྐོར་མཚམས་སྦྱོར་བྱས། དེ་ལས། ད་ལོའི་ཟླ་དང་པོར། སི་ཕེན་རྒྱལ་ཁབ་ཀྱི་མ་ཏེ་རི་རྒྱལ་སྤྱི་གནས་སྐོར་འགྲེམ་སྟོན་ལ་ཞུགས་ནས་ཅུང་ལེགས་པའི་གྲུབ་འབྲས་ཐོབ།

  དེ་དང་ཆབས་ཅིག་ཏུ། བོད་ལྗོངས་ཀྱི་ཞང་ཀང་དང་། ཨོ་མིན། ཐེ་ཝན་སོགས་སུ་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ་ནས་ད་ལོའི་ཟླ3པ་དང་། ཟླ6པ། ཟླ10བ་བཅས་སུ་ཞང་ཀང་དང་ཨོ་མིན། ཐེ་ཝན་སོགས་སུ་བོད་ལྗོངས་གནས་སྐོར་དྲིལ་སྒྲོག་བྱེད་དུ་བསྐྱོད་རྒྱུ་རེད།  །

  • ལེ་ཚན་སྔོན་མ།:སྒྲོལ་མ་སྐྱབས་ཀྱི་གཙགས་དྲུབས་ལམ་བུ།
  • ལེ་ཚན་རྗེས་མ།:ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཁག8ཁ་སྣོན་བྱས
  • དོ་སྣང་ཆེ་བའི་རྩོམ།