«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ»དེ་མི་རིགས་བདུན་གྱི་ཡི་གེར་ལོ་ཙྭ་བྱས་ནས་པར་དུ་སྐྲུན།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-10-08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲངས་ཉུང་མི་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་དུས་ཐོག་ཏུ་ཡང་དག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ནས། གསུང་བཤད་གལ་ཆེན་གྱི་དགོངས་དོན་བཀོལ་ནས་ཀླད་པ་གསལ་བོ་བྱེད་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་ཡར་སྐུལ་བཅས་བྱེད་ཆེད། མི་རིགས་དཔེ་སྐྲུན་ཁང་དང་ཀོང་ཞི་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སོག་པོ་དང་། བོད། ཡུ་གུར། ཧ་སག་སི་ཐན། ཁྲའོ་ཞན། ཡུས་རིགས། ཀྲོང་རིགས་སོགས་གྲངས་ཉུང་མི་རིགས་བདུན་གྱི་ཡི་གེར་ལོ་ཙྭ་བྱས་པའི«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ»ཉེ་ལམ་པར་དུ་སྐྲུན་བྱས་པ་དང་། ཉིན་དེ་ནས་བཟུང་རྒྱལ་ཡོངས་ནས་ཡོངས་ཁྱབ་ཏུ་འགྲེམ་སྤེལ་བྱེད་རྒྱུ་རེད།  །
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐད་སྐུལ་འདེད་ཤུགས་ཆེན་བཏང་བ།
  • ལེ་ཚན་རྗེས་མ།:ལས་ཁུངས་བཅུ་གཉིས་ལ“རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་སློབ་གསོ་རྟེན་གཞི”ཞེས་པའི་མཚན་སྙན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།