མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-10-08
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་ནགས་ལས་ཅུའུ་དང་སློབ་གསོ་པུའུ། གུང་གཞོན་ཚོགས་པ་ཀྲུང་དབྱང་བཅས་ཀྱིས་ཉེ་ལམ་ནང་སོག་རང་སྐྱོང་ལྗོངས་ཁུའུ་པུའུ་ཆི་ཧྲ་མའོ་དབྱི་ལི་སྐྱེ་ཁམས་བཅོས་སྐྱོང་ས་ཁུལ་སོགས་ལས་ཁུངས་བཅུ་གཉིས་ལ“རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་སློབ་གསོ་རྟེན་གཞི”ཞེས་པའི་མཚན་སྙན་གནང་།
ལས་ཁུངས་བཅུ་གཉིས་དེ་དག་ནི་ནང་སོག་རང་སྐྱོང་ལྗོངས་ཁུའུ་པུའུ་ཆི་ཧྲ་མའོ་དབྱི་ལི་སྐྱེ་ཁམས་བཅོས་སྐྱོང་ས་ཁུལ་དང་ལིའོ་ཉིན་ཞིང་ཆེན་པུན་ཞི་ཕེན་ཏིན་ཧྲན་ཧོན་ཁྲིན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཧིས་ལུང་ཅང་ཞིང་ཆེན་ཧྥུན་ལིན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ། ཀྲའེ་ཅང་ཞིང་ཆེན་ཡན་གདང་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཅང་ཞི་ཞིང་ཆེན་དབྱིན་ཐན་གྲོང་ཁྱེར་ལུང་ཧུའུ་ཧྲན་ཡུལ་ལྗོངས་ས་ཁུལ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཧྭ་ཕེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ། ཀོས་ཀྲིག་ཞིང་ཆེན་ཀོས་ཏིན་རྫོང་ཀན་ཞི་ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་། ཧྥུའུ་ཅན་ཞིང་ལས་སློབ་གྲྭ་ཆེན་མོ་སོགས་རེད།
མཚན་སྙན་གནང་བའི་ཆོད་དོན་ལས་དེང་སྐབས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྤྱིའི་བཀོད་སྒྲིག་དང་རེ་བ་ལྟར། དྲིལ་སྒྲོག་སློབ་གསོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་སློབ་གསོའི་ཚོད་ལྟ་དཔེ་སྟོན་ས་ཁུལ་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་ནས། སློབ་གསོའི་ནུས་པ་དང་དཔེ་སྟོན་གྱི་ནུས་པ་མངོན་གསལ་ཆེ་བའི་སྐྱེ་ཁམས་དཔལ་ཡོན་གྱི་ཞབས་ཕྱིའི་ལས་ཁུངས་སྐོར་ཞིག་བྱུང་ཡོད་ལ། མཚན་སྙན་ཐོབ་པའི་ལས་ཁུངས་དེ་དག་གིས་སློབ་གསོ་རྟེན་གཞིའི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་སློབ་གསོ་རྟེན་གཞིའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྐྱེ་ཁམས་དཔལ་ཡོན་སློབ་གསོ་ནང་དོན་གཙོ་བོ་ཡིན་པའི་ལག་ལེན་བྱ་འགུལ་སྤེལ་བ་དང་། སྐྱེ་ཁམས་དཔལ་ཡོན་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པའི་རེ་བ་བཏོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10