བོད་ལྗོངས་ཀྱིས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐད་སྐུལ་འདེད་ཤུགས་ཆེན་བཏང་བ།
བོད་ལྗོངས་འཕྲིན་དྲ། 2014-10-08
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་རང་ལྗོངས་ཀྱིས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲོལ་རྒྱུན་ལས་ཀར་སྐུལ་འདེད་ཤུགས་ཆེ་བཏང་བས། རིག་གནས་འཛུགས་སྐྱོང་དང་གོང་འཕེལ་གཏོང་རྒྱུའི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། དུས་རབས་གོང་མའི་ལོ་རབས70ནས་བཟུང་། བོད་ལྗོངས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་མང་དག་ཅིག་བསྟུན་མར་བཙུགས་པ་དང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དེ་དག་གིས་རང་རྩོམ་དང་། རང་བྲིས། རང་འཁྲབ་བཅས་ཀྱི་འཁྲབ་སྟོན་བརྒྱུད་རྩྭ་ཐང་དང་གངས་རིས་ཚབ་མཚོན་བྱས་པའི་ས་གནས་རིག་གནས་ཀྱི་ཁྱད་ཆོས་བཏོད་ཡོད། །