འབྲོང་ཕྲུག་ལྷ་ཆེན་རྒྱལ། 2014-10-08
སྙན་ངག་པ་འབྲུག་ལྗང་གི་སྙན་དེབ《མི་ཚེ་གྲུབ་པའི་གླུ》པར་སྐྲུན་འགྲེམས་སྤེལ་མཛད་སྒོ་བསྡུས་པ།
དུར་ཁྲོད་སྙན་ངག་པ་གངས་བུ་འབྲུག་ལྗང་གི་སྙན་དེབ《མི་ཚེ་གྲུབ་པའི་གླུ》པར་སྐྲུན་འགྲེམས་སྤེལ་གྱི་མཛད་སྒོ་མང་ར་གསེར་གཞུང་རིང་མོ་ནས་བསྡུས་ཤིང་། རྩོམ་པ་པོ་སྟག་འབུམ་རྒྱལ་དང་ཡི་གེ་བ་ལྕང་སྐྱེས་རྟ་མགྲིན་སོགས་ཀྱིས་འབྲུག་ལྗང་གི་སྙན་ངག་དང་འབྲེལ་ནས་རང་རང་གི་ལྟ་ཚུལ་གླེང་བར་མ་ཟད། སློབ་གསོ་བ་མང་རའི་སོན་གསར་གྱིས་རང་གིས་ད་ལྟ་འབྲི་གྱིན་པ་དང་མ་འོངས་པར་དཔར་འགྱུར་གྱི་སློབ་གསོའི་དཔེ་དེབ་ཀྱི་སྐོར་ནས་ཀྱང་ཁ་བརྡ་བྱས་པ་རེད།
《མི་ཚེ་གྲུབ་པའི་གླུ》ཞེས་པའི་སྙན་དེབ་འདིའི་ནང་དུ། སྙན་ངག་པ་འབྲུག་ལྗང་གི་སྙན་ངག་ལ་དགའ་དད་ཆེ་བའི་མི་ཚེའི་གོ་རིམ་གསུམ་མཚོན་པར་བྱས་ཡོད་དེ། གཅིག ཁོ་རང་སློབ་ཆེན་འགྲིམས་དུས་ཀྱི་སྙན་ངག་སྦྱངས་དེབ་ལྟ་བུ་དང་། གཉིས། དབུས་ལམ་རིང་མོར་སྐོར་ཐེངས་གཉིས་ལ་མཇལ་བའི་ཕམ་ཉེས་དང་ཆག་འཇིག་གླེང་བ། གསུམ། དེང་གི་ཚོང་འབྱོེར་སྤྱི་ཚོགས་ཀྱི་བརྡབ་གསིབ་ཁྲོད་སྦྲིད་སྨན་འཐུང་བ་ལྟ་བུའི་དུར་ཁྲོད་ཀྱི་ལོ་ཟླ་དང་རྨི་ལམ་བཅས་ཀྱིས་གྲུབ་པའི་སྙན་དེབ་ལགས་པས་ན། སྙན་ངག་པ་ཁོ་རང་གིས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་འཚོ་བའི་བསྡུས་གཟུགས་ཤིག་ཏུ་བསམ་མོ། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10