ཚེ་རིང་རྒྱ་མཚོས་བསྒྱུར། ཞིན་ཧྭ་དྲ་བ། 2012-02-03
བཟའ་མི་རྣམས་ཀྱིས་ཁང་གསར་ནང་དུ་བརྙན་འཕྲིན་ལ་ལྟ་བཞིན་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བློ་བཟང་ཚེ་རིང་ནི་ད་ལོར་ཕོ་ལོ54ལ་སོན་ཡོད་པ་དང་། ཁོ་ཚང་མཚོ་ངོས་ལས་སྨིས3300ལྷག་ཡོད་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ས་དམར་སྡེ་བའི་སྡེ་མི་ཚན་ཆུང་དུ་ཡོད། ཟླ1པོའི་ཚེས31ཉིན་གསར་འགོད་པ་བློ་བཟང་ཚེ་རིང་ཚང་ལ་འཚམས་འདྲི་བྱེད་དུ་སོང་། སྨིས་གྲུ་བཞི་མ300ལྷག་ལྡན་པའི་བོད་ཀྱི་ཁང་གསར་ནང་དུ་རིགས་མི་འདྲ་བའི་ཁྱིམ་སྤྱོད་གློག་ཆས་ཀྱིས་ཁེངས་འདུག་པར་མཐོང་། བློ་བཟང་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་འདིའི་ཡར་སྔོན་ལ་ཆུང་མ་ནད་ཕོག་ནས་ཚེ་ལས་འདས་པ་དང་། མིག་སྔར་ཕ་རྒན་དང་སྲིང་མོ། སྲིང་མོའི་ཁྱོ་བོ། ཚ་བོ་དང་ཚ་མོ་སོགས་དང་ལྷན་དུ་འཚོ་བ་རོལ་བཞིན་ཡོད། སྔོན་ཆད་ཀྱི་འཚོ་བ་གླེང་དུས་བློ་བཟང་ཚེ་རིང་གིས་བཤད་རྒྱུར། དང་ཐོག་ནས་དང་ཞོག་ཁོག་འདེགས་འཛུགས་བྱས་པ་དང་། ཕྱུགས་ཟོག་ཉུང་ཤས་ཙམ་འཚོ་སྐྱོང་བྱས་པར་བརྟེན་ནས་འཚོ་བ་རོལ་བར་དཀའ་ཁག་ཧ་ཅང་ཆེ། ཡིན་ཡང་ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་ཀྱིས་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད། ས་གནས་སྲིད་གཞུང་གིས་རོང་འབྲོག་པ་མང་ཚོགས་ལ་རྒན་གསོ་དང་སྨན་བཅོས། སློབ་གསོ་སོགས་འཚོ་བའི་ཁ་གསབ་རིགས་མང་པོ་བྱིན་པས། འཚོ་བའི་ཆ་རྐྱེན་ཉིན་རེར་ཇེ་བཟང་ཡིན་ལ། ཁྱིམ་ཚང་གི་ཡོང་སྒོའང་ཁྲི8ལྷག་ལ་འཕར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10