དགའ་ལྡན་སུམ་རྩེན་དགོན་པ་ནི་གནས་སྐོར་བའི་ཡིད་དབང་འཕྲོག་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད་པ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཞིན་ཧྭ་དྲ་བ།    2012-02-06

དགའ་ལྡན་སུམ་རྩེན་དགོན་པ་ནི་གནས་སྐོར་བའི་ཡིད་དབང་འཕྲོག་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད་པ།
 

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནས་ཆགས་ཡོད་པའི་དགའ་ལྡན་སུམ་རྩེན་དགོན་པ་ནི་ཡུན་ནན་ས་ཁུལ་དུ་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་ཞིག་ཡིན་ལ། “ཕོ་བྲང་པོ་ཏ་ལ་ཆུང་བ”ཞེས་པའི་མཚན་སྙན་ལྡན། དགོན་པ་འདི1679ལོར་གསར་བཞེངས་བྱས་པ་ཡིན་ཞིང་།  སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི33དང་མཁར་སྒོ5།  གྲྭ་ཤག་བརྒྱ་ལྷག་བཅས་གསར་བཞེངས་བྱས་ཡོད།  ཉེ་བའི་ལོ་འགའི་རིང་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར2ལྷག་བཏང་དེ་དགའ་ལྡན་སུམ་རྩེན་དགོན་པར་སྲུང་སྐྱོང་དང་ཞིག་གསོ་བྱས་པ་མ་ཟད།  ད་དུང་དགོན་པའི་སྒོ་ཆེན་ཐོག་ཁང་དང་དགོན་པའི་ཐང་ཆེན།  འགྲོ་འོང་བགྲོད་ལམ་སོགས་སྒྲིག་ཆས་འཛུགས་སྐྲུན་བྱས།  མིག་སྔར་དགོན་པ་འདི་ནི་བདེ་ཆེན་ཁུལ་གྱི་“གནས་སྐོར་ལྗོངས་རྒྱུ་དང་།  བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་འགྲེམ་སྟོན་བྱེད་སའི”གནས་མཆོག་ཞིག་ཏུ་གྱུར་ཡོད་པས།  ལོ་རེར་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཉུང་བ་ཞིག་གནས་འདིར་ཕེབས་ཏེ་གནས་སྐོར་ལྗོངས་རྒྱུ་བྱེད་ཀྱིན་ཡོད།   ། 

དགའ་ལྡན་སུམ་རྩེན་དགོན་པ་ནི་གནས་སྐོར་བའི་ཡིད་དབང་འཕྲོག་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད་པ།


 

  • ལེ་ཚན་སྔོན་མ།:བློ་བཟང་ཚེ་རིང་ཚང་གི་བདེ་སྐྱིད་འཚོ་བ།
  • ལེ་ཚན་རྗེས་མ།:ཀན་ལྷོ་བོད་ཁུལ་གྱི་ཞིང་འབྲོག་དམངས་ཚོ་ནད་ལྟ་དཀའ་བའི་གནས་ཚུལ་དང་བྲལ།
  • དོ་སྣང་ཆེ་བའི་རྩོམ།