ཀན་ལྷོ་བོད་ཁུལ་གྱི་ཞིང་འབྲོག་དམངས་ཚོ་ནད་ལྟ་དཀའ་བའི་གནས་ཚུལ་དང་བྲལ།

ཐུབ་བསྟན་གྱིས་བསྒྱུར།        2012-02-06

ཞིན་ཧྭ་གསར་འགྱུར་ཁང་ལན་གྲུ་ནས་ཟླ་བ2པའི་ཚེས2ཉིན་འབྱོར་བའི་གཏམ་གསར།སྤྱི་ཚོགས་འགན་སྲུང་མ་ལག་ཉིན་བཞིན་འཐུས་ཚང་དུ་སོང་བའི་རྐྱེན་གྱིས་དེང་སང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་འབྲོག་དམངས་ཚོ་ནད་ལྟ་དཀའ་བའི་སེམས་སྡུག་བྱེད་མི་དགོས་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན།2011ལོའི་ལོ་མཇུག་ཏུ།ཀན་ལྷོ་ཁུལ་གྱི་གྲོང་སྡེའི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པར་ཞུགས་པའི་ཞིང་འབྲོག་དམངས་ཁྲི50.7ལ་ཟིན་པ་དང་ཞུགས་ཚད་བརྒྱ་ཆ97ལ་ཟིན་པ་རེད།ཁུལ་སྲིད་གཞུང་གིས་གྲོང་སྡེའི་སྨན་བཅོས་མཉམ་ལས་ལམ་ལུགས་ཀྱི་གསབ་དངུལ་ཐིག་ཚད་མི་རེར་ལོ་རེར་སྒོར200ཡི་ཐོག་འཕར་སྣོན་བྱས་ཤིང་མི་སྒེར་གྱིས་སྒོར30ཡར་སྤྲད་བྱེད་དགོས།དེ་མཚུངས་སུ་ཀན་ལྷོ་བོད་ཁུལ་གྱི་འབྲོག་པ་ཚོས་ཀྲུང་བོད་སྨན་བསྟེན་རྒྱུར་དགའ་བའི་ཁྱད་ཆོས་ལ་གཞིགས་ནས་དུས་ཐོག་ཏུ་གསབ་དངུལ་སྤྲད་པའི་འཆར་འགོད་ལེགས་སྒྲིག་བྱས་ནས་ཀྲུང་བོད་སྨན་གྱི་འགྲོ་སོང་རྩིས་ཞུ་བྱེད་པའི་བསྡུར་ཚད་མཐོ་རུ་བཏང་ནས་ཀྲུང་བོད་སྨན་བཅོས་ཀྱི་དཀར་ཆག་དང་མཐུན་པའི་སྨན་རྫས་རྣམས་རིམ་པ་ཁག་གི་དམིགས་འཛུགས་སྨན་བཅོས་ལས་ཁུངས་སུ་སྡོད་བཅོས་བྱས་པར་འགྲོ་སོང་བརྒྱ་ཆ100རྩིས་ཞུ་བྱེད་ཆོག་པ་རེད།དེ་མིན་ཀན་ལྷོ་ཁུལ་གྱིས་བོད་སྨན་གྱི་རིགས400ལྷག་དང་རྒྱུན་སྤྱོད་བོད་སྨན་བརྟག་བཅོས་རྣམ་གྲངས།གློ་གཅོང་གི་ནད་ཕོག་པའི་ནད་པ་གསོ་བར་སྒོ་བསྟེན་སྨན་བཅོས་ཞིབ་བཤེར་དང་འབྲེལ་བའི་རང་ཉིད་ཀྱིས་གཏོང་དགོས་པའི་གྲོན་སོང་སོགས་སྨན་བཅོས་ཁམས་གསོ་རྣམ་གྲངས9སྤེལ་བ་དང་།ད་དུང་མྱུར་སྐྱོབ་རླངས་འཁོར120ནད་པ་སྐྱེལ་བསུ་བྱེད་པའི་འགྲོ་སོང་ཡང་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པའི་གསབ་དངུལ་སྤྲོད་པའི་ཁྱབ་ཁོངས་སུ་བཞག་ནས་སྔར་ལྷག་གིས་དེར་ཞུགས་ཞིང་འབྲོག་དམངས་ཚོའི་དངོས་ཕན་གྱི་ཆུ་ཚད་མཐོར་འདེགས་བཏང་བ་རེད།2010ལོའི་ཟླ་བ7པར་ཀན་ལྷོ་ཁུལ་དུ་གྲོང་སྡེའི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པའི་ཚོད་ལྟའི་ལས་ཀ་སྤེལ་པ་དང་།2011ལོར་ཚོད་ལྟའི་ཁྱབ་ཁོངས་ཇེ་ཆེར་བཏང་བ་དང་དུས་མཉམ་ཀན་ལྷོ་ཁུལ་གྱི་རྫོང་ཁག7དང་གྲོང་ཁྱེར1ཏུ་གྲོང་ཁྱེར་སྡོད་དམངས་ཀྱི་རྒན་གསོ་ཉེན་འགོག་གི་ཚོད་ལྟའི་ལས་ཀ་སྤེལ་བ་རེད།ན་ལོའི་ཟླ་བ11པའི་ཟླ་མཇུག་ཏུ་བསླེབས་པའི་བར་ཁུལ་ཡོངས་སུ་གྲོང་སྡེའི་སྨན་བཅོས་མཉམ་ལས་ལམ་ལུགས་གསར་པར་ཞུགས་མི356802ཡོད་ཅིང་ཁུལ་ཡོངས་ཀྱི་ཞུགས་ཚད་བརྒྱ་ཆ95.28དུ་ཟིན་པ་རེད།
  • ལེ་ཚན་སྔོན་མ།:དགའ་ལྡན་སུམ་རྩེན་དགོན་པ་ནི་གནས་སྐོར་བའི་ཡིད་དབང་འཕྲོག་སའི་གནས་མཆོག་ཞིག་ཏུ་གྱུར་ཡོད་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་སྨིན་གྲོལ་གླིང་དགོན་པའི་གྲྭ་ཤག་ཚང་མར་རླུང་འཕྲིན་བརྙན་འཕྲིན་ཤར་གཏོང་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།