ཅ་ཆིན་ལིན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས་རྗེས་ཕྱིར་པེ་ཅིན་དུ་ལོག་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-02-03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་སྲིད་གཞུང་གི་མགོ་གཙོའི་ཚོགས་འདུ་སྐབས་བཅོ་བརྒྱད་པ་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་དང་ཨེ་ཙི་ཨོ་ཕེ་ཡར་ཕུན་སུམ་ཚོགས་པའི་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་ཚར་རྗེས། ཟླ1པོའི་ཚེས31ཉིན་གྱི་དགོང་མོར་ཆེད་བཏང་གནམ་གྲུར་བཞུགས་ནས་ཕྱིར་པེ་ཅིན་དུ་ལོག

ཅ་ཆིན་ལིན་དང་མཉམ་དུ་སོང་བའི་མི་རྣམས་ཀྱང་གནམ་གྲུ་དེར་བསྡད་ནས་ཕྱིར་པེ་ཅིན་དུ་ལོག   །

 

  • ལེ་ཚན་སྔོན་མ།:བོད་ཀྱི་གླུ་མ་དབང་མོ་ལ་བརྩེ་སེམས་ལྡན་པའི་ཕོ་ཉ་ཞེས་པའི་མཚན་སྙན་ཐོབ།
  • ལེ་ཚན་རྗེས་མ།:བློ་བཟང་ཚེ་རིང་ཚང་གི་བདེ་སྐྱིད་འཚོ་བ།
  • དོ་སྣང་ཆེ་བའི་རྩོམ།