གངས་དབང་གིས། 2012-02-03
འདས་ཟིན་པའི་ལོ་དུ་མའི་རིང་ལ་བོད་ཀྱི་གླུ་མ་དབང་མོ་ཡིས་འཁྲབ་སྟོན་བྱ་གཞག་གོང་དུ་སྤེལ་བར་འབད་པ་ལྷོད་མེད་བྱེད་ཞོར་དུ་སྤྱི་ཚོགས་ཐོག་ཏུ་རོགས་རམ་བྱེད་དགོས་པའི་མི་རྣམས་ལ་རོགས་སྐྱོར་གནང་སྟེ་དོན་སྙིང་ལྡན་པའི་བྱ་བ་མང་པོ་བསྒྲུབས་ཡོད།ཉེ་ལམ།ཁོང་ཉིད་མ་ཡུམ་གྱི་འཛུམ་བཞད་ཀྱི་ཆེད་དུ་ཞེས་པའི་བྱ་འགུལ་ནང་དུ་ཞུགས་པ་མ་ཟད་བརྩེ་སེམས་ལྡན་པའི་ཕོ་ཉ་ཞེས་པའི་མཚན་སྙན་ཐོབ།ཁོང་གིས་བོད་ཀྱི་གླུ་མ་ཞིག་ཡིན་ན་འགན་འཁྲིའི་འདུ་ཤེས་ཡོད་དགོས་ཞེས་གསུངས་ལ་དོན་དུའང་དེ་ལྟར་བསྒྲུབས་དང་སྒྲུབ་བཞིན་ཡོད་དོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10